འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་11པར་རྒྱལ་ཁབ་ལྕགས་ལམ་ནས་ཚོང་ཟོག་ཏུན་དུང་ཕྱུར་3.5སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་5.5%འཕར་བ་དང་། ཟླ་11པར་ཉིན་རེར་ཆ་སྙོམས་མེ་འཁོར་ནང་དོ་པོ་བླུག་ཚད་ཁྲི་19.4ལས་བརྒལ་བ་དེ་དུས་མཚུངས་ལས་5.1%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ཚོང་ཟོག་སྐྱེལ་འདྲེན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་སོང་ཞིང་། རྒྱལ་ཁབ་ལྕགས་ལམ་སྡེ་ཚན་གྱིས་ཟླ་10ཚེས་24ཉིན་ནས་བཟུང་བསྟུད་མར་ཉིན་57རིང་མེ་འཁོར་ནང་དོ་པོ་བླུག་ཚད་ཁྲི་19ལས་བརྒལ་ཞིང་། ཟླ་11པར་རྒྱལ་ཁབ་ལྕགས་ལམ་སྡེ་ཚན་གྱི་དོས་སྒམ་ཚོང་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་7711ཟིན་པ་དེ་དུས་མཚུངས་ལས་14.9%འཕར་ཡོད་པ་རེད།
གཙོ་གནད་དངོས་ཟོག་གི་སྐྱེལ་འདྲེན་འགན་ལེན་ནུས་ལྡན་བྱུང་ཞིང་། ཟླ་11པར་རྒྱལ་ཁབ་ལྕགས་ལམ་སྡེ་ཚན་གྱིས་རྡོ་སོལ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1.84ཟིན་པའི་ནང་གློག་སྤྱོད་རྡོ་སོལ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1.32ཟིན་པ་དེ་དུས་མཚུངས་ལས་1.9%འཕར་ཡོད། ལྕགས་ལམ་ལ་གློག་གཏོང་མཁན་གློག་ཁང་371གི་རྡོ་སོལ་གསོག་འཇོག་ཉིན་གྲངས་ཐད་ཆུ་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་11པར་རྒྱལ་ཁབ་ལྕགས་ལམ་གྱིས་འབྲུ་རིགས་དང་། རྡོ་སྣུམ། བཙོ་སྦྱངས་དངོས་ཟོག་བཅས་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་14%དང་། 7.7% 9.8%བཅས་སོ་སོར་འཕར་ཡོད་པ་རེད།
ལྕགས་ལམ་རྒྱལ་སྤྱིའི་མཉམ་འདྲེན་བརྟན་པོའི་ངང་ཤར་གཏོང་ཐུབ་ཅིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་17918བཏང་བ་དང་དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་191.9སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་11%དང་10%སོ་སོར་འཕར་ཡོད། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ས་མཚམས་སྒྲོལ་བའི་དངོས་ཟོག་རིམ་རྩིས་བྱས་ན་ཏུན་ཁྲི་434སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་17.7%འཕར་ཡོད་པ་རེད།
སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་རོགས་བྱས་ཤིང་། རྒྱལ་ཁབ་ལྕགས་ལམ་ཁེ་ལས་ཀྱིས་ཁྲོམ་རའི་བརྡ་ལན་སྔར་བས་མྱུར་ལ་ནུས་ཆེའི་སྐྱེལ་འདྲེན་རིན་གོང་ལམ་སྲོལ་བཙུགས་ནས་ཁྲོམ་ར་ཅན་གྱི་འཕར་ཆག་རིན་གོང་ལག་བསྟར་བྱས་པའི་འདྲེན་འབོར་གྱིས་རྒྱལ་ཁབ་ལྕགས་ལམ་སྡེ་ཚན་གྱི་འདྲེན་འབོར་གྱི་57.8%བཟུང་ཡོད། ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་ཆེད་སྤྱོད་ལམ་རྒྱུད་དུ་དངོས་ཟོག་ཏུན་ཁྲི་2000ཙམ་གསར་འཕར་བྱུང་ཡོད། ཟོག་འགྲེམས་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱས་ནས་དབོར་གླའི་དངུལ་བུན་རིམ་རྩིས་བྱས་ན་ཡིད་རྟོན་མ་རྩ་བསྡུ་སྒྲིལ་བསྡོམས་འབོར་སྒོར་དུང་ཕྱུར་173ཟིན་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཕན་དང་གནམ་ཕྱུག་རྒྱལ་གྱིས་ཞུས)