ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ལེན་ཏུའུ་ཆུས་ཏ་ཀང་ཐོའུ་གྲོང་རྡལ་གྱིས“ཀྲེ་ཅང་རོང་སྔོན། ལྗང་མདོག་ལེན་ཏུའུ། སྐྱེ་ཁམས་དཔེ་སྟོན་གྲོང་རྡལ”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། “གནའ་བོའི་མཛེས་ལྗོངས”བསྐྲུན་པ་གཞི་རྟེན་དུ་བྱས་ནས་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་དང་། ཐོན་ལས་གྲུབ་ཆ་ལེགས་སྒྱུར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེར་གཏོང་། སྒྱུ་རྩལ་གསར་རྩོམ་ལས་སྟེགས་དང་སྐྱེ་ཁམས་སྤྲོ་གསེང་གི་ལྟེ་གནས་སྐྲུན་པ་བཅས་བྱས་ཤིང་། སྐྱེ་ཁམས་དང་། རིག་གནས། སྤྲོ་གསེང་། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པ་དང་ཚོང་དོན་དང་མིའི་འཚོ་སྡོད་མཉམ་འདུས་ཀྱི་དུས་རབས་གསར་པའི་མཛེས་ལྗོངས་ཤིག་བཏོད་ཡོད།
འདི་ནི་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ལེན་ཏུའུ་ཆུས་ཏ་ཀང་ཐོའུ་གྲོང་རྡལ་གྱི་གནའ་བོའི་སྡོད་ཁང་དང་གཙང་པོ། གྲུ་གཟིངས་བཅས་ལས་གྲུབ་པའི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཡིན་པ།