ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་19དང་20ཉིན། རྒྱལ་ཡོངས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ཐེངས་ཉེར་བརྒྱད་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
ཏིང་ཤུའེ་ཞང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
ཏིང་ཤུའེ་ཞང་གིས་ནན་བཤད་གནང་དོན། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་གསར་པ་དང་། འགྲན་སློང་གསར་པ། བླང་བྱ་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་བརྟན་པོ་ཆུད་པ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བཅས་བྱས་ཏེ“རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་མཐོ་སློབ་ཀྱིས་ཇི་ལྟར་བྱེད་དགོས་སམ”ཞེས་པའི་དུས་རབས་ཀྱི་དྲི་བར་ལན་ཡག་པོ་རྒྱག་དགོས། མཐོ་སློབ་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕུགས་བསམ་གྱི་དད་སེམས་དང་ཏང་གཤིས་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཀྱི་འཁོར་སྐྱོད་ཕན་ནུས་ཆེ་རུ་གཏོང་བ། སློབ་གཉེར་སློབ་སྐྱོང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་སྐྱེད་སྲིང་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བཅས་བྱས་ནས་མཐོ་སློབ་ཏུ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས་སྲིད་ཇུས་ཇི་མ་ཇི་བཞིན་ལག་བསྟར་ཐུབ་རྒྱུ་འགན་ལེན་བྱེད་དགོས།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེན་པོ་ཞིག་མགྱོགས་མྱུར་ཆགས་པར་བྱས་ནས། དུས་རབས་གསར་པའི་མི་བཟང་གསོ་སྐྱོང་གི་འདུ་འགོད་སྤུས་ཚད་མཐོ་པོས་ལག་ལེན་བསྟར་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དང་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ལག་ལེན་ཁྲོད་ནས་མི་སྣ་གསོ་སྐྱོང་བྱེད་པའི་སློབ་ཁང་ཆེན་པོ་ཞིག་རྒྱུན་མཐུད་གཏོད་དགོས། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁ་ཕྱོགས་ཡང་དག་འཛིན་པ་དང་། ཐོན་ཁུངས་བསྡུ་སྒྲིལ། འགན་སྲུང་ལ་རྒྱབ་སྐྱོར་སོགས་ཐད་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐོ་རིམ་སློབ་གསོའི་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པ། རིག་ཚན་དང་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། རྩེར་སོན་གྱི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བཅས་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། སློབ་གྲྭའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཏང་འཛུགས་སྐྱོང་གི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཕན་ནུས་ལྡན་པའི་ངང་ཁྱབ་པར་ཤུགས་སྣོན་རྒྱག་པ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བསམ་བློའི་ལས་དོན་དེ་དགེ་སློབ་ཚོའི་སེམས་ནང་གཏིང་ཟབ་ཟུག་པར་བྱེད་དགོས། དམངས་གཉེར་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཨུད་ཀྱི་ཧྲུའུ་ཅི་འདེམས་གཏོང་ཡག་པོ་བྱེད་པ། ཏང་འཛུགས་སྐྱོང་ལས་དོན་གྱི་གནས་ཚུལ་དཔྱད་ཞིབ་གདེང་འཇོག་གི་དམིགས་ཚད་གལ་ཆེན་དུ་བརྩི་བ་བཅས་བྱས་ནས་ཏང་གི་འགོ་ཁྲིད་དེ་སློབ་གྲྭའི་བཅོས་སྐྱོང་མ་ལག་ནང་ཁྱོན་ཡོངས་ནས་ཁྱབ་པར་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་དང་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།