འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། འདི་ལོ་ནས་བཟུང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་དམིགས་ཚད་གཏན་འཁེལ་དང་། ཐབས་ལམ་རྒྱ་ཆེར་གཏོང་བ། ལེགས་ཆར་བརྟེན་པ། ཁྱད་ཆོས་འདོན་སྤེལ་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། མིག་སྔར་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་31.61ཟིན་པ་དེ་དུས་མཚུངས་ལས་51.75%འཕར་ནས་ལོ་རྒྱུས་ཀྱི་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད་པ་རེད།
བོད་ལྗོངས་ནག་ཆུས་ཚོང་འགུགས་མ་འདྲེན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“འདུ་འགོད་ཨང་དང་པོར”བརྩིས་ནས་དམ་འཛིན་བྱས་ཏེ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པ་དང་། གསོན་ཤུགས་འཕེལ་བར་བྱེད་པ། འགྲན་སློང་བསུ་བ་བཅས་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁག་ཁྱོན་62ཡོད་པའི་ནང་མཐུད་སྐྲུན་རྣམ་གྲངས་ཁག་38དང་གསར་སྐྲུན་རྣམ་གྲངས་ཁག་24ལ་དམིགས་སར་འབྱོར་བའི་མ་དངུལ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་པ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་158.05%ལེགས་གྲུབ་བྱུང་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་31.28བཏང་བ། མི་972ལས་ཀར་བསྡུས་པའི་ནང་ཞིང་འབྲོག་པ་841དང་སློབ་གྲྭ་ཆེན་མོ་བ131ཡོད་པ་དང་། ངལ་ནུས་འབབ་འཕར་སྒོར་ཁྲི་1526.05བྱུང་ཡོད་པ་རེད།
མཐོ་གནས་ནས་སྐུལ་འདེད་གཏོང་བ་དང་། ས་ཁོངས་མང་པོར་ཁྱབ་པ། ཚོང་འགུགས་མ་འདྲེན་གྱི“མ་ལག་གསར་པ”འཛུགས་པ་བཅས་བྱས་ཏེ། ཚོང་འགུགས་མ་འདྲེན་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱས་ཤིང་། ཟླ་དང་པོ་ནས་བཅུ་པའི་བར། གླིང་ཁུལ་གྱི་ཁྱབ་ཁོངས་སུ་ཚོང་འགུགས་རྣམ་གྲངས་11ཡོད་པར་མ་དངུལ་སྒོར་དུང་ཕྱུར་0.61དམིགས་སར་འབྱོར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་0.61བཏང་བ། བོད་སྐྱོར་ཁྱབ་ཁོངས་སུ་ཚོང་འགུགས་རྣམ་གྲངས་21ཡོད་པར་མ་དངུལ་སྒོར་དུང་ཕྱུར་16.15དམིགས་སར་འབྱོར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་16.13བཏང་བ། དེའི་ནང་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་10ཡོད་པར་མ་དངུལ་སྒོར་དུང་ཕྱུར་10.53དམིགས་སར་འབྱོར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་10.53བཏང་བ། ལེའོ་ཉིང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཁག་7ཡོད་པར་མ་དངུལ་སྒོར་དུང་ཕྱུར་5.08དམིགས་སར་འབྱོར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་5.08བཏང་བ། ཀྲུང་དབྱང་ཁེ་ལས་ཆེ་གྲས་ལྔའི་བོད་སྐྱོར་རྣམ་གྲངས་4ལ་མ་དངུལ་སྒོར་དུང་ཕྱུར་0.53དམིགས་སར་འབྱོར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་0.52བཏང་ཡོད་པ་རེད།
“ཕྱིར་སྐྱོད་པ་དང་། ནང་དུ་གདན་དྲངས་པ། དོན་ཐོག་ཏུ་འཁྱོལ་ཐུབ་པ”བཅས་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཞིང་། ཤིས་ཨན་གྱི་འོས་སྦྱོར་ཚོགས་འདུའི་ཐོག་བོད་ལྗོངས་ཨ་མདོ་རྫོང་ཐུག་ཧྲོམ་གྲོང་ཚོའི་125MWའོད་ཤུགས་+50MWའོད་དྲོད་གཞི་གཅིག་ཅན་གྱི་རྣམ་གྲངས་ལ་གན་རྒྱ་བཞག་པར་ཁྱོན་མ་འཇོག་སྒོར་དུང་ཕྱུར་20ཟིན་པ་དང་། རང་སྐྱོང་ལྗོངས་ཀྱི“གཉིས་འགུགས་གཉིས་འདྲེན”གྱི་འོས་སྦྱོར་ཚོགས་འདུའི་ཐོག་རྣམ་གྲངས་5ལ་གན་རྒྱ་བཞག་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་22.1ཟིན་པ། འཆར་ཅན་རྟ་རྒྱུག་དུས་ཆེན་ཐོག་རྣམ་གྲངས་14ལ་གན་རྒྱ་བཞག་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་80.33ཟིན་པ། ལེའོ་ཉིང་གི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ལྔ་པའི་ཐོག་རྣམ་གྲངས་5ལ་གན་རྒྱ་བཞག་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་9.62ཟིན་ཡོད། གན་རྒྱ་བཞག་རྗེས་མུ་མཐུད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཤིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་རིག་གནས་ཡུལ་སྐོར་རྣམ་གྲངས་6ཡོད་པར་མ་དངུལ་སྒོར་དུང་ཕྱུར་1.55དམིགས་སར་འབྱོར་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་21ལ་མ་དངུལ་སྒོར་དུང་ཕྱུར་25.44དམིགས་སར་འབྱོར་བ། ལྗང་མདོག་བཟོ་ལས་རྣམ་གྲངས་10ལ་མ་དངུལ་སྒོར་དུང་ཕྱུར་2.96དམིགས་སར་འབྱོར་བ། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས་25ལ་མ་དངུལ་སྒོར་དུང་ཕྱུར་1.66དམིགས་སར་འབྱོར་ཡོད་པ་རེད།
(བསོད་ནམས་ལྷ་མཚོས་བསྒྱུར། ཉི་དོན་གྱིས་ཞུས)