ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དང་མཇལ་འཕྲད་གནང་ནས་ཚང་མས་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཚང་མས་མུ་མཐུད་མཐུན་སྒྲིལ་འབད་འཐབ་ཀྱིས་ཨའོ་མོན་གྱི་འོད་སྟོང་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་ཉིན་ཕྱི་དྲོར། ཞི་ཅིན་ཕིང་གིས་ད་དུང་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་གཞི་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི་གཙོ་བོའི་འགན་འཁུར་བ་དང་མཇལ་འཕྲད་གནང་བ་རེད།
ཚའེ་ཆི་དང་། ལི་ཧུང་ཀྲུང་། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཝང་ཏུང་ཧྥུང་། ཤཱ་པའོ་ལུང་སོགས་འབྲེལ་ཡོད་མཇལ་འཕྲད་ལ་ཞུགས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་། བསྐོ་སྒུག་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་བཅས་ཀྱང་འབྲེལ་ཡོད་མཇལ་འཕྲད་ལ་ཞུགས་པ་རེད།