ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་དུས་མཚམས་གསར་པར་སླེབས་ཟིན་པས། ཤང་ཀང་དང་ཨའོ་མོན་གྱིས་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བ་བྱས་ཏེ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱིས་ཤང་ཀང་ལ་རེ་བ་མཐོ་པོ་བཅོལ་ཡོད། སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྲིད་ཇུས་ལག་བསྟར་བརྟན་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ཐད་འབད་འཐབ་དང་འཕེལ་རྒྱས་དོན་གཉེར་བྱས་ནས་ཤང་ཀང་གི་འོད་སྟོང་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་གསུངས་པ་རེད།
ལི་ཅ་ཁྲའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཤང་ཀང་གི་སྣེ་ཧུར་ཐག་ཁྲིད་དེ་དཔལ་འབྱོར་ཐད་འབད་འཐབ་དང་འཕེལ་རྒྱས་དོན་གཉེར་བྱས་ནས་དམངས་འཚོ་ལེགས་སུ་ཏན་ཏིག་གཏོང་བ་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དེ་བས་ལེགས་པའི་ངང་ཞུགས་ཀྱི་ཡིན་ཞེས་གསུངས་པ་རེད།