འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ས་འོག་ལྕགས་ལམ་གྱི་ལམ་ཐིག་3པའི་དུས་ཐེངས་དང་པོ(སི་ཧྲི་ཐིའོ་ཤར་ནས་པ་པེ་ཤར་བར)དང་། ལམ་ཐིག་12པ(སི་ཅི་ཆིང་ཟམ་པ་ནས་པ་པེ་ཤར་བར) ཁྲང་ཕིང་ལམ་ཐིག་གི་ལྷོ་སྲིང་ལམ་ཐིག་གི་དུས་ཐེངས་དང་པོའི་དུམ་བུ་ལྷག་མ(ཤི་ཐུའུ་གྲོང་ནས་ཅི་མོན་ཟམ་པའི་བར་དང་དེ་བཞིན་ཀྲུའུ་ཧྥང་བྱང་ཚུགས)བཅས་ཀྱི་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་གྱི་ལམ་ཐིག་གསར་པ་3ཤར་གཏོང་ཐུབ་ནས་ཚོད་ལྟའི་གཉེར་སྐྱོང་བྱས་པ་རེད།
པེ་ཅིང་དུ་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་གི་ལམ་ཐག་སྤྱི་ལེ་43མང་དུ་ཕྱིན་པ་དང་། གཉེར་སྐྱོང་གི་སྤྱིའི་ལམ་ཐག་སྤྱི་ལེ་879ཟིན་པ། མེ་འཁོར་བབས་ཚུགས་522ཟིན་པའི་ནང་མེ་འཁོར་བརྗེ་སའི་བབས་ཚུགས་98ཡོད་པ་རེད། པེ་ཅིང་གི“བབས་ཚུགས་བདུན་དང་གནམ་ཐང་གཉིས”སུ་ས་འོག་ལྕགས་ལམ་ཁྱབ་ཡོད་པ་རེད།