འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་ཟི་ལིང་གྲོང་ཁྱེར་གྱི་དགུན་དུས་ཀྱི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་ཀྱི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོཌ་བྱུང་བར། ཟི་ལིང་གྲོང་ཁྱེར་གྱིས་དགུན་དུས་ཀྱི་གངས་འཁྱག་དུས་ཚིགས་དང་དཔྱིད་གསར་གྱི་ལན་ཆིའུ་སྤོ་ལོའི་དུས་ཚིགས་བརྗོད་དོན་གཙོ་བོར་བྱས་ཏེ། རོལ་རྩེད་རང་བཞིན་ཆེ་བ་དང་། ལྟད་མོ་ཆེ་བ། མང་ཚོགས་ཀྱི་ཡིད་དབང་རྒྱ་ཁྱབ་ཏུ་འགུགས་ཐུབ་པ་བཅས་ཀྱི་སྤུས་རྟགས་འགྲན་བསྡུར་གཉེར་ཏེ། ལུས་རྩལ་འགྲན་བསྡུར་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་གྱི་རྣམ་པ་མངོན་པར་བྱ་རྒྱུ་དང“འགྲན་བསྡུར་བྱེད་ཚད”མང་དུ་བཏང་ནས“དཔལ་འབྱོར་འཕར་ཚད”ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཟླ་12པ་ནས་བཟུང“རྒྱལ་ཡོངས་དམངས་ཚོགས་ཀྱི་གངས་འཁྱགས་དུས་ཚིགས་སྐབས་བཅུ་གཅིག་པའི”མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ལུས་རྩལ་འགྲན་ཚོཌ་སྐབས་གསུམ་པའི་ཟི་ལིང་གི་ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་ཀྱི་གངས་འཁྱགས་ཀྱི་དགའ་ནེའུ་དུས་ཆེན་གཉེར་འགོ་བཙུགས་ཡོད།
འདི་ལོ་ཚུན་དུ་ཟི་ལིང་གྲོང་ཁྱེར་གྱིས་ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་མཉམ་འདྲེས་འཕེལ་རྒྱས་ལ་དམ་པོར་དམིགས་ནས། སྤུས་རྟགས་ཀྱི་འགྲན་བསྡུར་བྱེད་སྒོ་མུ་མཐུད་བཏོད་དེ། མཚོ་སྔོན་གྱི་ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཡུལ་སྲོལ་ཁྱད་ཆོས་འབུར་དུ་མངོན་པར་བྱས་ཡོད་ལ། དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་བྱེད་སྒོ་རྨང་གཞི་དང་། གཞོན་ནུ་ལོ་ཆུང་གི་འགྲན་བསྡུར་གཙོ་གནད། རང་རྟེན་སྤུས་རྟགས་ཀྱི་འགྲན་བསྡུར་ཁྱད་ཆོས། ཞིང་ཆེན་ནང་ཁུལ་དང་རྒྱལ་ནང་གི་འགྲན་བསྡུར་ཆེ་གྲས་སྣེ་ཁྲིད་བཅས་སུ་བྱས་པའི་འགྲན་བསྡུར་གྱི་དཔལ་འབྱོར་མ་ལག་ཅིག་ཀྱང་བཏོད་ཡོད། མིག་སྔའི་བར། ལོ་ཧྲིལ་པོར་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་རིམ་པའི་འགྲན་བསྡུར་བྱེད་སྒོ་ཐེངས་101སྤེལ་བ་དང་རྒྱུན་དུ་ལུས་སྦྱོང་ནང་ཞུགས་མཁན་མི་གྲངས་38.5%ཟིན་ཡོད།
ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཝུའུ་ཅིན་ཕིང་གིས། “མཛེས་སྡུག་ལྡན་པའི་མཚོ་སྔོན། ས་མཐོའི་རྐང་རྩེད་སྤོ་ལོ”ཞེས་པའི་རིམ་འདས་མཉམ་འགྲན་སྤུས་རྟཌ་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་གཏོང་བ་དང་། ལན་ཀྲོའུ་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དང་མཉམ་དུ་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་ནས། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་དང་། ཟི་ལིང་ནས་མཚོ་ཤར་གྱི་གྲོང་ཚོམས་གཞི་གཅིག་ཅན་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། ཟི་ལིང་གྲོང་ཁྱེར་གྱི“རྒྱལ་ཡོངས་དམངས་ཚོགས་ཀྱི་གངས་འཁྱགས་དུས་ཚིགས་སྐབས་བཅུ་གཅིག་པའི”མུ་འབྲེལ་བྱེད་སྒོ་ནུས་ཤུགས་ཡོད་རྒུས་སྤེལ་རྒྱུ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་གཉིས་ཀྱི“གཞོན་ནུའི་BA”མང་ཚོཌ་ཀྱི་ལན་ཆིའུ་སྤོ་ལོའི་མཉམ་འགྲན་གཉེར་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།