འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཏི་པའེ་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི“རི་མཚོ་བརྒལ་ནས་མཛེས་སྡུག་མཉམ་དུ་གཏོད”ཅེས་པའི་ཀྲུང་གོའི་སྤུས་རྟགས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་རྣམ་གྲངས་ཀྱི་ས་ཚིགས་དང་པོའི་བྱེད་སྒོ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཏི་པའེ་རུ་སྤེལ་བ་རེད། རྣམ་གྲངས་དེའི་དམིགས་ཡུལ་ནི་མི་དམངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཁྱབ་སྤེལ་གྱི་ལེགས་ཆ་བཏོན་ནས་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི“ཀྲུང་གོས་བཟོས་པའི”སྤུས་རྟགས་དེ་བས་མང་བ་གཏོད་རྒྱུ་དེ་རེད།
ཉེ་བའི་ལོ་ཤས་རིང་། “སྤུས་རྟགས་ཕྱིར་གཏོང”དེ་ཀྲུང་གོའི་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཕར་གཞི་གསར་པ་འཚོལ་ཞིབ་བྱེད་པའི་འཐབ་ཇུས་གོ་སྐབས་དེ་ཁྲོམ་རའི་ཐུན་མོང་གི་ངོས་འཛིན་ལ་རིམ་བཞིན་གྱུར་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་ཀྲུང་གོའི་སྤུས་རྟགས་དེ་བས་མང་བ་བབ་བསྟུན་ངང་ཕྱིར་གཏོང་བྱ་ཆེད་རེད། “རི་མཚོ་བརྒལ་ནས་མཛེས་སྡུག་མཉམ་དུ་གཏོད”ཅེས་པའི་ཀྲུང་གོའི་སྤུས་རྟགས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་རྣམ་གྲངས་ཀྱིས་སྨྱན་སྦྱོར་ཐོན་ཁུངས་དང་། ཐབས་ལམ་སྤུས་ལེགས། ཇུས་འདོན་ཚོགས་པ་རྩེ་གྲ་བཅས་གཅིག་ཏུ་བསྡུས་ནས་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་བ་དང་ཀྲུང་གོའི་ཁེ་ལས་ཕྱིར་སྐྱོད་པའི་གསོན་ཉམས་དོད་པའི་དཔེ་མཚོན་དང་འཕེལ་རྒྱས་ཀྱི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་གོའི་སྤུས་རྟགས་གོ་ལ་ཧྲིལ་པོ་ཅན་གྱི་གཟུགས་བརྙན་གསར་པ་གཅིག་སྡུད་ཐོག་མངོན་པ་དང་གོ་ལ་ཧྲིལ་པོར་ཀྲུང་གོའི་སྤུས་རྟགས་ཀྱི་ཤུགས་རྐྱེན་དང་རིག་གནས་ཀྱི་གདེང་ཚོད་མངོན་ཡོད།