《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月18日

ཀྲུང་གོའི་ཁྲོམ་རའི་གལ་ཆེའི་རང་བཞིན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲུང་ཧྭ།

“ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རླངས་འཁོར་ཁྲོམ་ར་ཆེ་ཤོས་རེད། ལག་རྩལ་གསར་པ་རྒྱུན་ཆད་མེད་པར་ནང་འདྲེན་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་བརྒྱུད་ཀྲུང་གོའི་རླངས་འཁོར་ལས་རིགས་ལ་འཕེལ་རྒྱས་དེ་བས་ཆེ་བ་བྱུང་ཡོད”འཇར་མན་ཚའེ་ཨའེ་ཧྥུའུ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཧོར་ཀེ·ཁེ་ལའེ་དབྱིན(རྒྱ་ཡིག་གི་མིང་ལ་ཁོ་ཧའོ་ཀྲེ་ཟེར)གྱིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་གོ་ལ་ཧྲིལ་པོའི་ལག་རྩལ་ཀུང་སི་ཞིག་གི་ངོས་ནས་ཚའེ་ཨའེ་ཧྥུའུ་ཡིས་ཀྲུང་གོའི་ཁྲོམ་རར་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་གསར་གཏོད་མཐའ་འཁྱོངས་བྱེད་པ་དང་རང་ས་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྲོམ་ར་གཙོ་བོར་བྱས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཚའེ་ཨའེ་ཧྥུའུ་ཡི་གོ་ལ་ཧྲིལ་པོའི་ཁྲོམ་རའི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།

ཚའེ་ཨའེ་ཧྥུའུ་ནི་གོ་ལ་ཧྲིལ་པོའི་རླངས་འཁོར་གྱི་ལྷུ་ལག་མཁོ་སྤྲོད་ཚོང་པ་ཞིག་ཡིན་པ་དང་1981ལོར་ཀྲུང་གོའི་ཁྲོམ་རར་ཞུགས་ཡོད། མིག་སྔར་ཚའེ་ཨའེ་ཧྥུའུ་ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་སྤྱི་ཁྱབ་པུའུ་ཧྲང་ཧའེ་རུ་བཙུགས་པ་དང་། ཀྲུང་གོའི་ས་གནས་ཁག་ཏུ་ཞིབ་སྤེལ་ལྟེ་གནས་5དང་བཟོ་གྲྭ་50ཙམ་བཙུགས་ཡོད། 2023ལོར་ཚའེ་ཨའེ་ཧྥུའུ་ཡིས་ཀྲུང་གོའི་ཁྲོམ་རའི་ཕྱིར་ཚོང་དངུལ་འབོར་སླར་ཡང་ཟིན་ཐོ་གསར་པ་བཏོད་ནས་ཡོ་སྒོར་དུང་ཕྱུར་81ཟིན་ཏེ་ལོ་གོང་མ་ལས་5.2%འཕར་ཡོད།

མིག་སྔར་ཚའེ་ཨའེ་ཧྥུའུ་ཡིས་ཀྲུང་གོར་གཉེར་བའི་ལས་སྒོས་ཚོགས་པའི་ལས་སྒོ་ཧྲིལ་པོའི་20%ཙམ་བཟུང་བ་དང་འབྱུང་འགྱུར་གྱི་དམིགས་ཚད་ནི་བསྡུར་ཚད་དེ་30%བར་མཐོ་རུ་གཏོང་རྒྱུ་དེ་རེད། ད་ལོ་ཚའེ་ཨའེ་ཧྥུའུ་ཡིས་ཝུའུ་ཧན་དུ་ཉེན་འགོག་ལྒང་ཕུག་ཐོན་སྐྱེད་རྟེན་གཞིའི་རྣམ་གྲངས་དང་རླངས་འཁོར་བཀག་གཏོང་གི་ཐོན་རྫས་རིམ་སྤོར་རྣམ་གྲངས་ལ་མ་འཇོག་བྱས་པ་དང་ཀོང་ཀྲོའུ་རུ་བཙུགས་པའི་ཞིབ་སྤེལ་ལྟེ་གནས་གསར་པ་གཉེར་སྐྱོང་བྱས་ཟིན་ཡོད།

“ཀྲུང་གོའི་དཔལ་འབྱོར་འཕར་ཤུགས་ཆེ་རུ་ཕྱིན་པ་དང་ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པས། ཀྲུང་གོའི་གསར་གཏོད་ནུས་པའང་དེ་མཚུངས་ཀྱིས་གལ་ཆེན་པོ་ཡོད། ཀྲུང་གོའི་ཚོང་ཤག་གིས་ལག་རྩལ་གསར་པ་དང་ལེན་བྱེད་ཚད་ཧ་ཅང་མཐོ་པོ་ཡོད་པས་ང་ཚོས་ཀྲུང་གོར་ལག་རྩལ་གསར་ཤོས་གསར་སྤེལ་ཐུབ་ནས་རིམ་བཞིན་གོ་ལ་ཧྲིལ་པོར་རྒྱ་སྐྱེད་གཏོང་རེ་ཡོད”ཁོ་ཧའོ་ཀྲེས་ཚའེ་ཨའེ་ཧྥུའུ་ཡིས་ཧྥུའུ་800ཡི་ཐཱན་འགྱུར་ཀུའེ་ཡི་གློག་གི་འདེད་སྐུལ་མ་ལག་ཐོག་མར་འདོན་སྐབས་ཚོང་ཤག་དང་པོ་དེ་ཀྲུང་གོ་ནས་ཡིན་པ་དང་། ལོ་40ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད་ཚའེ་ཨའེ་ཧྥུའུ་ཡིས་ཀྲུང་གོར“ཀྲུང་གོས་ཕྱིར་ཚོང”དང་། “ཀྲུང་གོས་བཟོས་པ”“ཀྲུང་གོས་ཞིབ་སྤེལ”སོགས་ཀྱི་དུས་མཚམས་བརྒྱུད་པས“ཀྲུང་གོའི་ཁྲོམ་རའི་གལ་ཆེའི་རང་བཞིན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད”ཅེས་དཔེ་དྲངས་ནས་བརྗོད།

ཁོ་ཧའོ་ཀྲེ་ཡིས་ཚའེ་ཨའེ་ཧྥུའུ་ཡི་ངོས་ནས་བརྗོད་ན་ཀྲུང་གོ་དེ་ཉིད་གོ་ལ་ཧྲིལ་པོའི་ཐོན་རྫས་དང་ལག་རྩལ་སྔོན་ལ་བཏོན་མཁན་གྱི་རྟེན་གཞི་གལ་ཆེན་དང་གསར་གཏོད་ལྟེ་གནས་ཀྱི་གྲས་ཤིག་ལ་གྱུར་ཡོད། མིག་སྔར་ཚའེ་ཨའེ་ཧྥུའུ་ཡིས་ཀྲུང་གོའི་རོགས་ཟླ་དང་མཉམ་ལས་བྱས་ནས་ཐིག་འཛིན་ཁ་སྒྱུར་དང་རྒྱབ་འཁོར་ཁ་སྒྱུར་གྱི་ལག་རྩལ་ཀྲུང་གོའི་ཁྲོམ་རར་འདྲེན་རྒྱུ་མ་ཟད། ཀྲང་ཅ་གྲུ་ཁའི་རྟེན་གཞི་རྒྱས་སྐྲུན་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྒྱབ་འཁོར་ཁ་སྒྱུར་མ་ལག་གི་རང་ས་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱ་རྒྱུ་རེད། རྣམ་གྲངས་དེས་མ་གནས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ནས་རླངས་འཁོར་གྱི་ལྷུ་ལག་ཐོན་ལས་འཁོར་འབྲེལ་གྱི་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།