《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月18日

སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ ནུས་ལྡན་གཏོང་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པེ་ཅིང་གིས《པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ནུས་ལྡན་གཏོང་བའི་ལག་བསྟར་ཇུས་གཞི》བཀྲམ་ནས། དངོས་ཟོག་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་བ་དང་། ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་སྡེབ་སྐྱེལ་ཞབས་ཞུ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་5ལ་དམིགས་ཏེ་ཕྱོགས་16ཐད་ཀྱི་བྱ་ཐབས་བཏོན་པ་རེད།

《ཇུས་གཞི》གཞིར་བཟུང་། པེ་ཅིང་གིས་མཁའ་འགྲུལ་ཟོག་འདྲེན་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱལ་སྤྱིའི་མཁའ་ལམ་རྒྱ་ཆེར་ཧུར་ཐག་བཏང་སྟེ་མཁའ་འགྲུལ་དྲ་རྒྱའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ལམ་གྱི་ཟོག་འདྲེན་ཤར་བགྲོད་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་ཟོག་འདྲེན་རླངས་འཁོར་གྱི་ཆ་འཕྲིན་མཉམ་འབྲེལ་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལྕགས་ལམ་གྱི་ཟོག་འགྲེམས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག་གླིང་ཁུལ་དུ་བསྲིང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། ཐབས་མང་མཉམ་འདྲེན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཐབས་མང་མཉམ་འདྲེན་གྱི་འགག་གནད་སྒྲོལ་བ་བཅས་བྱེད་རྒྱུ་རེད།

《ཇུས་གཞིའི》ནང་བཏོན་དོན། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཟོག་འགྲེམས་ལས་རིགས་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རླངས་འཁོར་དང་། འདུས་གྲུབ་གློག་ལམ། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས། རིག་ནུས་སྒྲིག་ཆས་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འགྲེམས་ཞབས་ཞུའི་དགོས་མཁོ་འགན་ལེན་བྱེད་དགོས།

དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་ནས་ཐོན་ལས་གཙོ་བོའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ“ནང་འདྲིལ་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པ། གསར་དར་ཐོན་ལས་འཕེལ་རྒྱས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་མགྱོགས་སུ་བཏང་ནས་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས།

མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། བཟོ་ལས་དཔེ་གསར་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་བཅས་སྤྱི་འདོམས་བྱེད་པ་དང་། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས།

ས་ཁོངས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་ས་ཁོངས་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་དགོས། འཐབ་ཇུས་གལ་ཆེན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་ས་ཁོངས་དབར་གྱི་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཚོ་རྟེན་ལས་སྤྲོད་ལག་བསྟར་གཏིང་ཟབ་བྱེད་དགོས།

“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱས་ནས་གཙོ་གནད་ལས་གྲྭ་ཁག་102ཕུན་སུམ་ཚོགས་པོས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། གནད་དོན་གལ་ཆེན་ལ་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོ་སྒྲུབ་དགོས།

(ལྷག་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)