འབྲི་ཆུའི་ཆུ་གཞུང་སྟེང་གི་འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་ཡིན་པའི་ཝུའུ་ཏུང་ཏེ་དང་། པའེ་ཧོ་ཐན་། ཤིས་ལུའོ་ཏུའུ། ཤང་ཅ་པཱ་ཆུ་རགས། འགག་གསུམ། ཀེ་ཀྲུའུ་པཱ་ཆུ་རགས་བཅས་སྐས་རིམ་གྱི་ཆུ་ཤུགས་གློག་ཁང་6གིས་མིག་སྔར་ཆུ་གསོག་ལས་འགན་ལེགས་སྒྲུབ་བྱས་ཟིན་པ་དང་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་340ལྷག་ཙམ་ཟིན་པ་དེ་ཉེ་བའི་ལོ་5ཡི་སྙོམས་ཐང་ལས་11%གིས་མང་བ་ཡོད་པས་དགུན་གློག་གཏོང་རིང་གི་གློག་ཤུགས་མཁོ་འདོན་དང་འབྲི་ཆུའི་སྨད་རྒྱུད་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ལ་འགན་ལེན་ནུས་ལྡན་ཐུབ་ཡོད། ཆུ་བེད་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། འགག་གསུམ་གློག་ཁང་གིས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1.7ལྷག་ཙམ་ཟིན་ཡོད། འདི་ནི་ཧུའུ་པེའི་དབྱི་ཁྲང་གྲོང་ཁྱེར་དུ་ཡོད་པའི་འགག་གསུམ་ཆུ་མཛོད་དུ་ཆུ་གསོག་འདང་ངེས་ཡོད་པ།