འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་14ཉིན། “སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན”སྐབས་བཞི་པ་ཀྲུང་གོའི་བར་སྣང་ས་ཚིགས་དང་། པེ་ཅིང་། ཨའོ་མོན་བཅས་གནས་གསུམ་དུ་དུས་གཅིག་ཏུ་གཉེར་ཞིང་། ལྷ་གྲུ་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་འཁོར་ལམ་ཐོག་ནས་འགྲེམས་སྟོན་དང་ངོ་སྤྲོད་བྱས་པ་རེད། སྐབས་འདིའི་པར་རིས་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི“ང་རང་མེས་རྒྱལ་ལ་དགའ”ཞེས་པ་དེ་ཡིན་པ་དང་། གཞོན་ནུ་ལོ་ཆུང་གི་པར་རིས་བརྩམས་ཆོས་མང་པོས་རྒྱལ་གཅེས་ལེགས་སྐྱེས་དང་། ལང་ཚོའི་ཕུགས་འདུན། འགན་འཁྲི་འཁུར་སེམས་སོགས་ཀྱི་ནང་དོན་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་པ་རེད།
སྐབས་འདིའི་པར་རིས་འགྲེམས་སྟོན་ཟླ་བདུན་པ་ནས་འཚོལ་སྡུད་བྱེད་འགོ་ཚུགས་ཤིང་། མིང་ཐོ་བཀོད་པའི་བརྩམས་ཆོས་ཁྲི་2ཙམ་ཁྲོད་ཀྱི་འགྲེམས་ཞུགས་བརྩམས་ཆོས་75ཟླ་བཅུ་གཅིག་པའི་ཟླ་དཀྱིལ་དུ་མཁའ་གྲུ་བརྒྱད་པའི་ཟོག་འདྲེན་འཕུར་གྲུ་དང་མཉམ་དུ་ཀྲུང་གོའི་བར་སྣང་ས་ཚིགས་སུ་འབྱོར་ཡོད་པ་རེད།