ཀྲུང་གོའི་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་རུ་ལྗང་མདོག་བྱེ་འགོག་ཁུལ་བསྐྲུན་པ་མ་ཟད། རླབས་ཆེའི་བྱ་སྤྱོད་དེ་མངོན་འགྱུར་བྱ་ཆེད་མི་རྣམས་ཀྱིས་ལོ་46རིང་འབད་བརྩོན་ལྷོད་མེད་བྱས་པ་ནི་ཀྲུང་གོའི“ལྗང་མདོག་ལྕགས་རི་རིང་པོའི”གཏམ་རྒྱུད་ཅིག་རེད།
གནས་ཚུལ་གསར་ཤོས་ལས་མངོན་པར་གཞིགས་ན། ཀྲུང་གོས་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་རུ་སྤྱི་ལེ་3000ལྷག་ཙམ་ཟིན་པའི་ལྗང་མདོག་བྱེ་འགོག་ཁུལ་བསྐྲུན་པ་རེད། གྲུབ་འབྲས་དེ་ནི་ཀྲུང་གོས་དུས་རབས་20པའི་ལོ་རབས་70པར་འགོ་ཚུགས་པའི“བྱང་གསུམ”འགོག་སྲུང་ནགས་ཚལ་འདུ་འགོད་ཀྱི་ཆ་ཤས་ཤིག་སྟེ། ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་འདུ་འགོད་ཅིག་རེད། “བྱང་གསུམ”འགོག་སྲུང་ནགས་ཚལ་འདུ་འགོད་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་གཞི་ཁྱོན་ཆེན་པོས་ཤིང་བཙུགས་བྱས་ནས་ཐང་རྒོད་ཅན་གྱི་གནད་དོན་འགོག་བཅོས་བྱ་ཆེད་རེད། འདུ་འགོད་དེས་ཀྲུང་གོའི་ནགས་ཚལ་ཁྱབ་ཚད་མང་དུ་གཏོང་བར་འཕོ་འགྱུར་རང་བཞིན་གྱི་དོན་སྙིང་ལྡན་པ་དང་དེས་ཀྲུང་གོའི་ནགས་ཚལ་ཁྱབ་ཚད་1949ལོའི་10%ནས་2023ལོའི་ལོ་མཇུག་གི་25%ཡན་མང་དུ་བཏང་ཡོད་པ་རེད།
འབད་བརྩོན་བྱ་རྒྱུ་མཚམས་འཇོག་བྱས་མེད། ཀྲུང་གོ་སྲིད་གཞུང་གིས་ཞིང་ཆུ་འདྲེན་ནས་བྱེ་ཐང་བྱང་རྒྱུད་ཀྱི་མཐའ་རུ་ཡོད་པའི་སྦྱར་པའི་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་ནགས་ཚལ་གྱི་དྲ་རྒྱ་གསར་པ་བསྐྲུན་ནས་བྱེ་ཐང་ནུབ་རྒྱུད་ཀྱི་མཐའ་རུ་ཡོད་པའི་ཞིང་ཁ་དང་ཤིང་འབྲས་ལྡུམ་ར་སྲུང་སྐྱོང་བྱ་རྩིས་ཡོད་པ་རེད། ཀྲུང་གོས་ཐ་ཁེ་ལ་མ་ཀན་བྱེ་ཐང་ལ་དམིཌ་ནས་བསྐྲུན་པའི་བྱེ་འགོག་སྔོ་འགྱུར་ཁུལ་ནི་མིའི་རིགས་ཀྱི་ཆོད་སེམས་ཀྱི་བདེན་དཔང་་ཡིན།
—— 《རྒྱ་གར་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།