ད་ལོའི་རང་ཉིད་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་གྱི་གྲོང་མི་ཚོས“རྐང་བཙུགས་ལས་དོན་ཁང”གི་སྐོར་ཡང་ཡང་བརྗོད་ཀྱི་འདུག
འདི་ནི་ཇོ་མོ་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བའི་གསར་གཏོད་ཀྱི་ལག་ལེན་ཞིག་སྟེ། “སྡེ་ཁུལ་གྱི་ཧྲུའུ་ཅིའི་ལས་དོན་ཁང”གི་ཆ་ཤས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི“སྣེ་ཁྲིད་མཁན”གྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགོ་ཁྲིད་ཀྱི་འཇོན་ཐང་དང་རྩ་འཛུགས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས། བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། ལས་ཀ་བྱེད་ཐུབ་པ་བཅས་ཀྱི་སྡེ་ཁུལ་ལས་དོན་གྱི“གདོང་མཆོང་དམག”ཁག་གཅིག་གསོ་སྐྱོང་ནུས་ཤུཌ་ཡོད་རྒུས་བྱས་ཏེ“སྣེ་ཁྲིད་མཁན”གྱི་ནུས་པར་བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་གི“སྒུལ་ནུས་གསར་པ”འཕེལ་བར་བྱེད་རྒྱུ་དེ་རེད།
རྐང་བཙུགས་ནི་གཉིས་བཀུར་ལམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་ཞིང་། ད་ལོ་བར་ཁོང་གཉིས་བཀུར་ལམ་སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་12སོང་ཡོད། ལོ་བཅུ་ལྷག་ཙམ་རིང་། རྐང་བཙུགས་ཀྱིས་འགན་འཁྲི་ནན་ཏན་ཁུར་བ་དང་། སྡེ་ཁུལ་ཁྱིམ་ཚང་ལ་བརྩི་བ། སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཁར། གྲོང་མིར་བདེ་སྐྱིད་བསྐྲུན་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་གི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱས་ཡོད། སྡེ་ཁུལ་ཆུང་ཡང་ཁྱིམ་ཚང་མང་པོ་དང་འབྲེལ་བ་ཡོད་ཅིང་། ཁོང་གིས“སྡེ་ཁུལ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཉིན་ལྟར་མང་ཚོགས་དང་འབྲེལ་བ་བྱེད་དགོས་ཀྱི་འདུག ངས་བསམ་བློ་མང་ཤོས་གཏོང་ས་ནི་ཚང་མར་བྱ་བ་དེ་བས་མང་བ་ཇི་ལྟར་བསྒྲུབ་རྒྱུ་དེ་ཡིན”ཞེས་བཤད།
ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་གིས་བྱ་བ་དངོས་དང་དཀའ་གནད་200ལྷག་ཙམ་བསལ་ཞིང་། ཁུལ་ཆུང་6ལ་ཁུལ་ཆུང་རྙིང་པ་སྒྱུར་བཀོད་རྣམ་གྲངས་རེ་ཞུ་བྱས་པ་དང་། ཁུལ་ཆུང་5ལ་སྒོ་སྡོམ་མ་ལག་བསྒར་བ། ཁུལ་ཆུང་4ལ་ལམ་སྒྲོན་བསྒར་བ་སོགས་ཀྱི་བྱ་བ་བཟང་པོ་མང་པོ་བསྒྲུབས་ཡོད། སྡེ་ཁུལ་དུ་རྐང་བཙུགས་ཡོད་ཚེ་གྲོང་མི་ཚོ་དེ་བས་བློ་བདེ་པོ་ཡོང་གི་ཡོད། ཁོང་གི་འབད་བརྩོན་དང་ལེགས་སྐྱེས་ལ་སྡེ་ཁུལ་གྱི་གྲོང་མིའི་ཁས་ལེན་གང་ལེགས་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ལ། ཁོང་ཡང་གཉིས་བཀུར་ལམ་སྡེ་ཁུལ་གྱི་མཚོན་བྱེད་དུ་གྱུར་ནས་གཉིས་བཀུར་ལམ་སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པས་ཁོང་མིག་དཔེར་འཛིན་པས་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། “སྣེ་ཁྲིད་མཁན”གྱི་ནུས་པ་སྔར་བས་འདོན་ཆེད། ཇོ་མོ་ཁྲོམ་གཞུང་དུ“སྡེ་ཁུལ་གྱི་ཧྲུའུ་ཅིའི་ལས་དོན་ཁང”གསུམ་བཙུགས་པ་དང་། དེའི་ནང“རྐང་བཙུཌ་ལས་དོན་ཁང”ནི་ཇོ་མོ་ཁྲོམ་གཞུང་དུ་བཙུགས་སྔ་ཤོས་ཀྱི“སྡེ་ཁུལ་གྱི་ཧྲུའུ་ཅིའི་ལས་དོན་ཁང”ཞིག་རེད།
ད་ལོ་ལས་གནས་སུ་བསྡུས་པའི་སྡེ་ཁུལ་གྱི་ལས་དོན་པའི་ཁྲོད་ལ་ལ་ནི་སློབ་གྲྭ་ཐོན་མ་ཐག་པའི་སློབ་གྲྭ་ཆེ་མོ་བ་ཡིན་པ་དང་། ལ་ལར་སྡེ་ཁུལ་ལས་དོན་གྱི་ཉམས་མྱོང་འདང་གི་མེད། གནས་ཚུལ་འདིར་དམིགས་ནས“སྡེ་ཁུལ་གྱི་ཧྲུའུ་ཅིའི་ལས་དོན་ཁང”གིས“བརྒྱུད་རོགས་ཁྲིད་གསུམ”གྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།
ཇོ་མོ་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི“སྣེ་ཁྲིད་མཁན”གྱི་འདུ་འགོད་ལག་ལེན་རྒྱུན་ཆད་མེད་པར་བསྟར་ཏེ“སྡེ་ཁུལ་གྱི་ཧྲུའུ་ཅིའི་ལས་དོན་ཁང”དེ་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི“འཐབ་ས་གསར་པ”དང་། བཅོས་སྐྱོང་མཉམ་དུ་གླེང་བའི“ཐབས་མཆོག” ཏང་ཡོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“ལས་སྟེགས་ཡག་པོ”བཅས་སུ་འགྱུར་བར་བྱེད་པ་དང་། ཉམས་སད་ཐེག་ཐུབ་པའི་གཞི་རིམ་བཅོས་སྐྱོང་གི་ཤེས་ལྡན་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(པད་ཆོས་ཀྱིས་བསྒྱུར། པ་ཚེས་ཞུས)