▶ ད་ལོའི་ཟླ་1ནས་ཟླ་10པའི་བར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་228.8ཕྱིར་གཏོང་བྱས་པ་དང་གློག་གཏོང་ཡུལ་ནང་ནུབ་བྱང་དང་། ཧྭ་ཀྲུང་། ཧྭ་ཏུང་། ཧྭ་པེ། ལྷོ་ནུབ་སོགས་ས་ཁུལ་5ཡི་ཞིང་ཆེན་དང་གྲོང་ཁྱེར་13ཚུད་ཡོད་པ་རེད། གློག་ཤུགས་རམ་འདེགས་ཞབས་ཞུའི་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་2020ལོའི་ཟླ་6པར་ཞིང་ཆེན་ནང་ཁུལ་གྱི་སྙོམས་སྒྲིག་ཞབས་ཞུའི་ཁྲོམ་ར་དངོས་སུ་འཁོར་རྒྱུག་ཐུབ་པར་བྱས་ཁར། མེ་ཤུགས་གློག་འདོན་སྙོམས་སྒྲིག་གཏིང་ཟབ་དང་། མེ་ཤུགས་གློག་འདོན་སྙོམས་སྒྲིག་མཚམས་འཇོག མཉམ་སྤྱོད་ནུས་གསོག་སྙོམས་སྒྲིག་བཅས་ཀྱི་རམ་འདེགས་ཞབས་ཞུའི་ཉོ་ཚོང་ཧུར་ཐག་བྱས་ནས་བབ་བསྟུན་སྙོམས་སྒྲིག་དང་ཐོན་ཁུངས་སྙོམས་སྒྲིག་གི་ནུས་པ་སྔོག་འདོན་བྱས་པ་རེད།
▶ ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྗང་མདོག་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་27.6ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་51%འཕར་བའི་ནང་ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6.2ཟིན་པ་དེ་དུས་མཚུངས་ལས་2%འཕར་བ་དང་། ཞིང་ཆེན་དབར་ལྗང་མདོག་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་21.4ཟིན་པ་དེ་དུས་མཚུངས་ལས་75%འཕར་ཡོད་པ་རེད།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པར། ཐོན་ཁུངས་ཀྱི་ཁྱབ་ཁོངས་བརྟན་པོ་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་དེ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་ནུས་རྒྱུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་ཆེད། ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་ཁྲོམ་རར་དམ་འཛིན་དང་། ལམ་སྲོལ་ལ་དམ་འཛིན། ཞབས་ཞུར་དམ་འཛིན་སོགས་ཀྱི་བྱ་ཐབས་བརྒྱུད་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས“དུས་ཡུན་རིང་འབྲིང་དང་། ལག་ཡོད་ཚོང་ཟོག རམ་འདེགས་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་ཁྲོམ་རའི་མ་ལག་ཆ་ཚང་ཞིག་རགས་ཙམ་བཙུགས་པས། དུས་ཡུན་རིང་འབྲིང་གི་ཉོ་ཚོང་ཁྲོམ་ར་དེ་ཞིང་ཆེན་དབར་དང་ཞིང་ཆེན་ནང་ཁུལ་གྱི་རིམ་གཉིས་ཁྲོམ་ར་ཞིག་ཏུ་ཆགས་ནས་ཞིང་ཆེན་དབར་དུས་ཡུན་རིང་འབྲིང་དང་ལག་ཡོད་ཚོང་ཟོག་ཉོ་ཚོང་རྒྱུན་རྣམ་ཅན་གྱི་འཁོར་རྒྱུག་ཐུབ་ཡོད། ཞིང་ཆེན་ནང་ཁུལ་གྱི་ལག་ཡོད་ཚོང་ཟོག་ཁྲོམ་རས་གློག་སྙོམ་སྒྲིག་ཚོད་ལྟ་ཐེངས་གསུམ་དང་དེ་བཞིན་མཇུག་རྩིས་ཚོད་ལྟ་ཐེངས་དང་པོ་ལེགས་གྲུབ་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་ཀྱི་ལག་ཡོད་ཚོང་ཟོག་ཁྲོམ་ར་འཛུགས་སྐྲུན་ཇུས་གཞི》བཟོས་ནས་ལག་ཡོད་ཚོང་ཟོག་ཉོ་ཚོང་གི་ལེ་ལག་ཚང་བའི་ཞིབ་སྲོལ་ཁ་གསལ་བཟོས་ཤིང་། ཞིང་ཆེན་དབར་གྱི་ཉོ་ཚོང་ཐད་ཧྲང་ཧའེ་དང་། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དང་གློག་གཏོང་ལེན་གྱི་གྲོས་མཐུན་བཞག་སྟེ། ད་ལོའི་ཟླ་1ནས་ཟླ་10པའི་བར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་228.8ཕྱིར་གཏོང་བྱས་པ་དང་གློག་གཏོང་ཡུལ་ནང་ནུབ་བྱང་དང་། ཧྭ་ཀྲུང་། ཧྭ་ཏུང་། ཧྭ་པེ། ལྷོ་ནུབ་སོགས་ས་ཁུལ་5ཡི་ཞིང་ཆེན་དང་གྲོང་ཁྱེར་13ཚུད་ཡོད་པ་རེད། གློག་ཤུགས་རམ་འདེགས་ཞབས་ཞུའི་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་2020ལོའི་ཟླ་6པར་ཞིང་ཆེན་ནང་ཁུལ་གྱི་སྙོམས་སྒྲིག་ཞབས་ཞུའི་ཁྲོམ་ར་དངོས་སུ་འཁོར་རྒྱུག་ཐུབ་པར་བྱས་ཁར། མེ་ཤུགས་གློག་འདོན་སྙོམས་སྒྲིག་གཏིང་ཟབ་དང་། མེ་ཤུགས་གློག་འདོན་སྙོམས་སྒྲིག་མཚམས་འཇོག མཉམ་སྤྱོད་ནུས་གསོག་སྙོམས་སྒྲིག་བཅས་ཀྱི་རམ་འདེགས་ཞབས་ཞུའི་ཉོ་ཚོང་ཧུར་ཐག་བྱས་ནས་བབ་བསྟུན་སྙོམས་སྒྲིག་དང་ཐོན་ཁུངས་སྙོམས་སྒྲིག་གི་ནུས་པ་སྔོག་འདོན་བྱས་པ་རེད།
ལྗང་མདོག་གློག་ཤུགས་ཉོ་ཚོང་དེ་དུས་ཡུན་རིང་འབྲིང་གི་ཉོ་ཚོང་ཁྱབ་ཁོངས་ནང་ཐོག་མར་བཅུག་ནས་ལོ་འཁོར་ནས་ཟླ་འཁོར་དང་དེ་ནས་ཟླ་རེར་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་བས། ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་རྒྱུན་རྣམ་ཅན་གྱི་སྒོ་ནས་བསྟུད་མར་འཁོར་སྐྱོད་ཐུབ་པ་རེད། བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་རྣམ་གྲངས་ཚང་མར་ཡིག་ཚགས་དང་གཱ་བཟོ་རྒྱུར་སྐུལ་འདེད་དང་ནུས་རྒྱུ་གསར་པའི་གཞི་ཁྱོན་སྔར་ལས་ཆེ་བའི་སྒོ་ནས་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་བཏང་བ་རེད། ལྗང་མདོག་གློག་ཤུགས་ཉོ་ཚོང་དང་བསྐྱར་སྐྱེས་ནུས་རྒྱུའི་འདྲེན་སྤྱོད་ཀྱི་འགན་འཁྲིའི་དབང་ཚད་ཟུང་སྦྲེལ་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཁྲོམ་ར་ཅན་གྱི་འཛད་སྤྱོད་པས་ལྗང་མདོག་གློག་ཤུགས་སམ་ཡང་ན་ལྗང་མདོག་ལག་ཁྱེར་ཉོས་ནས་བསྐྱར་སྐྱེས་ནུས་རྒྱུའི་གློག་ཤུགས་འདྲེན་སྤྱོད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་ལྕག་སྐུལ་བྱས་པ་རེད། དགོས་མཁོ་ཡོད་པའི་གློག་ཤུགས་སྤྱོད་མཁན་གྱིས་ཁྲོམ་ར་ཅན་གྱི་བྱེད་ཐབས་ཐོག་ནས་ལྗང་མདོག་གློག་དང་ལག་ཁྱེར་ཉོ་རྒྱུར་ཁྲིད་སྟོན་བྱས་ཏེ། ལྗང་མདོག་གློག་འདྲེན་སྤྱོད་ཀྱི་བསྡུར་ཚད་ཀྱི་དགོས་མཁོ་ཡོད་མཁན་ལ་ལྗང་མདོག་གཟུགས་བརྙན་བཏོད་པ་དང་ཐོན་རྫས་ཀྱི་ལྗང་མདོག་ཁོར་ཡུག་གི་ཁྱད་ཆོས་ཆེ་རུ་གཏོང་རོགས་བྱས་ནས་ཕྱིར་ཕྱོགས་པའི་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྗང་མདོག་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་27.6ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་51%འཕར་བའི་ནང་ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6.2ཟིན་པ་དེ་དུས་མཚུངས་ལས་2%འཕར་བ་དང་། ཞིང་ཆེན་དབར་ལྗང་མདོག་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་21.4ཟིན་པ་དེ་དུས་མཚུངས་ལས་75%འཕར་ཡོད་པ་རེད།
(སྐལ་མཆོག་གིས་བསྒྱུར། པ་ཕན་གྱིས་ཞུས)