བོད་ལྗོངས་གཞིས་རྩེའི་ཇོ་མོ་གླང་མར་སྐྱོད་སའི་གུག་ཆ་ 108ཡོད་པའི་རྒྱའུ་ལའི་བརྗིད་ཉམས། ཇོ་མོ་གླང་མར་སྐྱོད་སའི་གུག་ཆ་108ཡོད་པའི་རྒྱའུ་ལའི་རིང་ཚད་ལ་སྤྱི་ལེ་50ཡོད་པ་དང་། གྱེན་གྱི་གཟར་ཚད་ལ་སྨི་800ཟིན་གྱི་ཡོད། དེ་ནི་ཇོ་མོ་གླང་མའི་བྱང་འདབས་ཀྱི་སྒར་ས་ཆེ་མོར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་ཡིན་པས། “འཛམ་གླིང་ཡང་རྩེའི་ལྗོངས་གཟིགས་ལམ་ཆེན”ཞེས་འབོད་ཀྱི་ཡོད། ཇོ་མོ་གླང་མར་ཡུལ་སྐོར་བྱེད་མཁན་རིམ་བཞིན་མང་དུ་སོང་བ་དང་སྦྲགས། ཇོ་མོ་གླང་མར་སྐྱོད་སའི་གུག་ཆ་108ཡོད་པའི་རྒྱའུ་ལའི་གཞུང་ལམ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་དེ་གར་འོང་བའི་ཡིད་དབང་བཀུག་ཡོད་ཅིང་། འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་གུག་ཆ་108ཡོད་པའི་རྒྱའུ་ལ་ཡིན་པ།