《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月14日

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་ཡིས།

ལྗང་མདོག་ཕྱོགས་སྟོན་མངོན་གསལ་དོད་པོ་དང་ དཔྱད་ཞིབ་ཁག་ལ་གཙོ་ཕལ་ཡོད་པར་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱེད་པའི་ལས་བྱེད་པའི་སྲིད་དོན་དཔྱད་ཞིབ་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ནས་རྫོང་5དང་སྡེ་ཚན་57གྱི་དཔྱད་ཞིབ་དམིགས་ཚད་སྐྱེ་ཁམས་སྲུང་སྐྱོང་སྔོན་འཇོག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཀ་དག་པའི་འཚོ་བ་བཅས་རིགས་ཆེན་པོ་གསུམ་ལ་ཕྱེ་ཡོད།

“ལྗང་མདོག”ཕྱོགས་སྟོན་ཇི་ལྟར་བྱས་ནས་མངོན་པར་བྱ་རྒྱུའི་ཐད། མཚོ་ལྷོ་ཀྲོའུ་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་དཔྱད་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་མགོན་པོ་རྡོ་རྗེས། ང་ཚོས་དཔྱད་ཞིབ་སྟོན་གྲངས་སྐབས་བསྟུན་ལེགས་སྒྲིག་ལམ་སྲོལ་ལག་ལེན་བསྟར་ནས། སྟོན་གྲངས་བཟོ་སྐབས་གཙོ་གནད་ལས་འགན་དབྱེ་གསེད་དང་། སྡེ་ཚན་སོ་སོས་གོང་ཞུ་བྱེད་པའི་བྱ་ཐབས་སྤྱད་དེ་འགག་རྩའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་སྟོན་གྲངས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔྱད་ཞིབ་ཐོབ་སྐར་14ནས་25བར་སྤར་བ་དང་དུས་མཚུངས་སུ་ལུགས་དང་མ་མཐུན་པ་དང་གལ་ཆེན་པོ་མེད་པའི་སྟོན་གྲངས་མེད་པར་བཟོས་ཡོད། འདི་ལོ་རྫོང་5ཡི་རིམ་པ་གཉིས་པའི་སྟོན་གྲངས་ཁག་23ཉུང་དུ་བཏང་བ་དེས་གཞི་རིམ་ལས་བྱེད་པའི་དམིགས་ཚད་ཁ་གསལ་དང་ལས་དོན་བསྒྲུབ་རྒྱུར་ཕན་པ་ཐོབ་ཡོད་ཅེས་བརྗོད།

སྐྱེ་ཁམས་ཀྱི་ངེས་གནས་མི་འདྲ་བ་དང་ཁྱད་པར་ཅན་གྱི་དཔྱད་ཞིབ་སྟོན་གྲངས་ལ་གཙོ་ཕལ་ཡོད་པར་བྱས་ཡོད། “དཔེར་ན‘རྒྱལ་ཁབ་ས་ཆ་སྔོན་འགྱུར་གྱི་ལས་འགན་དང་བྱེ་འགྱུར་ས་ཞིང་བཅོས་སྒྲིག་རྒྱ་ཁྱོན’གྱི་དཔྱད་ཞིབ་སྟོན་གྲངས་གཅིག་པ་ཡིན་ནའང་རྫོང་གཞན་3གྱི་ཐོབ་སྐར་3དང་། འབལ་རྫོང་དང་བྲག་དཀར་རྫོང་གི་ཐོབ་སྐར་4རེད”ཅེས་མགོན་པོ་རྡོ་རྗེས་ངོ་སྤྲོད་བྱས།

དེ་དང་ཆབས་ཅིག་མཚོ་ལྷོ་ཀྲོའུ་ཡིས་ཕྱོགས་བསྡུས་དཔྱད་ཞིབ་དང་ལས་བྱེད་པའི་གདེང་འཇོག་ཟུང་འབྲེལ་བྱས་ཏེ་ལས་བྱེད་པ་ཤེས་རྟོགས་དང་། དབྱེ་འབྱེད། བེད་སྤྱོད་བཅས་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མཚོ་ལྷོ་ཀྲོའུ་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ལིའུ་ཡན་གྱིས“ང་ཚོས་དཔྱད་ཞིབ་ཀྱི་དངོས་ཡོད་གྲུབ་འབྲས་ལ་གཞིགས་ནས་འགོ་ཁྲིད་ཀྱི་ཚན་ཁག་བཀོད་སྒྲིག་དང་། ལས་བྱེད་པ་དབྱེ་འབྱེད་འདེམས་བསྐོ་དང་ལྟ་འདོམས་བྱེད་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་བཏོད་ཡོད”ཅེས་བཤད།

(དངོས་སྦྱོང་སློབ་མ་བསྟན་འཛིན་དོན་གྲུབ་ཀྱིས་བསྒྱུར། བདེ་སྐྱིད་དང་བསོད་བདེ་གཞོན་པས་ཞུས)