《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月14日

བོད་ལྗོངས་མངའ་རིས་ས་ཁུལ་གྱི་དཔལ་ འབྱོར་ལེགས་ཕྱོགས་སུ་འཕེལ་བ་དང་ སླར་གསོ་བརྟན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས“12114”

ལས་དོན་གྱི་བསམ་ཕྱོགས་དང“སྤྱི་གླིང་གསུམ་དང་། སྔོ་འགྱུར་གཅིག དྭངས་གཙང་གཅིག ཐང་རྒོད་གཅིག”བཅས་ཀྱི་ཐོན་ལས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་སྔོན་དཔག་བརྟན་པོ་དང་། འཕར་ཚད་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། ས་ཁུལ་གྱི་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བ་དང་སླར་གསོ་བརྟན་པོ་བྱུང་བའི་རྣམ་པ་མངོན་ཡོད།

མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་བཟོས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ཏེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་10བཏོན་པ་དང་། ཆེད་སྤྱོད་མ་དངུལ་སྒོར་ཁྲི་450བཀོད་སྒྲིག་གིས“བདེ་སྐྱིད་ལྡན་པའི་མངའ་རིས། འཛད་སྤྱོད་ལ་སྤྲོ་བས་རོལ་བའི”འཛད་སྤྱོད་དར་སྤེལ་གཏོང་བའི་ཆེད་དོན་བྱ་སྤྱོད་སོགས་སྤེལ་ནས་འཛད་སྤྱོད་དངུལ་འབོར་སྒོར་ཁྲི་2306.42ཟིན་པར་སྐུལ་ཁྲིད་བྱས་ཡོད་པ་རེད། མཚན་མོའི་དཔལ་འབྱོར་གྱི་ལས་སྟེགས་སྐྲུན་པ་དང་། ཞང་ཞུང་ཐང་ཆེན་གྱི་མཚན་ཁྲོམ་ཁྲོམ་བཀྱག་སྒྱུར་བཀོད་རིམ་སྤོར་བྱས་པ། ཁེ་ལས་ཀྱིས་གཉེར་བའི་མཚན་ཁྲོམ་3གསར་དུ་བཙུགས་ཡོད། འཛད་སྤྱོད་དངོས་ཟོག་རྙིང་པ་གསར་བརྗེས་ལ་སྐུལ་ལྕག་དང་སྐུལ་འདེད་བཏང་སྟེ། རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་བཅས་གྲོང་གསེབ་ཏུ་འཚོང་བའི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་དངུལ་འབོར་སྒོར་ཁྲི་1508.4ཟིན་པར་སྐུལ་ཁྲིད་བྱས་པ་རེད།

མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྩྭ་ར་མུའུ་ཁྲི་1632དང་རྨོ་ཞིང་མུའུ་467བརྒྱུད་བཤུག་བྱས་པར་ཡོང་འབབ་སྒོར་ཁྲི་1195བྱུང་ཡོད་པ་རེད།

མཉམ་སྡེབ་ཀྱི་ནགས་ཚལ་བདག་དབང་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། མཉམ་སྡེབ་ནགས་ས་233ལ་དབང་ཆ་གཏན་འཁེལ་དང་། ཐོ་འགོད། ལག་ཁྱེར་སྤྲོད་པ་བཅས་བྱས་པ་དང་། རྫོང་6གི་རྩྭ་ཐང་འགན་གཙང་ལེན་པའི་བདག་གཉེར་དབང་ཆ་གཏན་འཁེལ་དང་། ཐོ་འགོད། ལག་ཁྱེར་སྤྲོད་པ་བཅས་ལ་གྲོང་ཁྱེར་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད། “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་533.41བཏང་ཡོད་པ་རེད།

དེ་དང་ཆབས་ཅིག མངའ་རིས་ས་ཁུལ་གྱིས“དྲ་སྦྲེལ་དང་སློབ་གསོ”ཟུང་སྦྲེལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སློབ་གསོའི་སྤྲིན་དྲ་སློབ་གྲྭ་138ལ་ཁྱབ་པ་དང་སློབ་གྲྭ་8རིག་ནུས་སློབ་གྲྭར་བསྐྲུན་ཡོད་པ་རེད། སྒོར་ཁྲི་2800དོན་འཁྱོལ་བྱས་ཏེ་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ནུས་པ་འཛུགས་སྐྱོང་ལག་བསྟར་བྱས་པ་དང་། ཏིང་དཀར་དང་། ལབ་རྩེ་ལ། པི་ལིང་ལ་བཅས་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་3གྱི་སྒོ་མོ་ཕྱེ་བ་དང་སྤུ་ཧྲེང་འགག་སྒོར་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་ཁྲི་497.97ཟིན་ཡོད་པ་རེད། སྤུ་ཧྲེང་ཐང་ཁ་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཁྲོམ་རར་ཚོང་དུད་301བཅའ་སྡོད་བྱས་པར་ཉོ་ཚོང་བྱེད་ཚད་སྒོར་ཁྲི་216.13ཟིན་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། བསྟན་བློས་ཞུས)