ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་28ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད།
ལྡེབས་རིས་ཆེ་གྲས《རི་ཀླུང་འདི་འདྲའི་མཛེས་སྡུག་ཆེ་བ་ལ》ཡི་མདུན་དུ་ཞི་ཅིན་ཕིང་གིས་གཞུང་ཚབ་པ་སོ་སོས་ཕུལ་བའི་རྒྱལ་ཡིག་བཞེས་པ་མ་ཟད། ཁོང་རྣམ་པ་དང་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།
ཁོང་རྣམ་པ་ནི། ཀྲུང་གོར་བཅའ་སྡོད་ཧོ་ལན་གྱི་གཞུང་ཚབ་ཆེ་མོ་བ་ཧའོ་ཧྲི་པོ་དང་། ཀྲུང་གོར་བཅའ་སྡོད་མོ་རོ་ཁོའི་གཞུང་ཚབ་ཆེ་མོ་བ་ཨན་ས་ལི། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོར་བཅའ་སྡོད་ཁམ་ཕུ་ཁྲེའི་གཞུང་ཚབ་ཆེ་མོ་བ་སུང་ཅ་ཝུའེ། ཀྲུང་གོར་བཅའ་སྡོད་མ་སི་དོ་ཉི་ཡ་བྱང་མའི་གཞུང་ཚབ་ཆེ་མོ་བ་ནཱ་སའེ་ཧྥུའུ། ཀྲུང་གོར་བཅའ་སྡོད་འཇོར་ཇི་ཡའི་གཞུང་ཚབ་ཆེ་མོ་བ་ཁཱ་ལན་ཏ་ཙེ། ཀྲུང་གོར་བཅའ་སྡོད་སི་ཕེན་གྱི་གཞུང་ཚབ་ཆེ་མོ་བ་པེ་ཐན་སུའོ་སི། ཀྲུང་གོར་བཅའ་སྡོད་ཨ་ཀེན་ཐིན་གྱི་གཞུང་ཚབ་ཆེ་མོ་བ་མཱ་ཀྲི་ཡོན། ཀྲུང་གོར་བཅའ་སྡོད་ཐེ་ལན་གྱི་གཞུང་ཚབ་ཆེ་མོ་བ་ཧན་ཚན་ཚའེ། ཀྲུང་གོར་བཅའ་སྡོད་སེབ་རུ་སིའི་གཞུང་ཚབ་ཆེ་མོ་བ་ལཱ་ཉི་ཏུའུ། ཀྲུང་གོར་བཅའ་སྡོད་སི་རི་ལན་ཁའི་གཞུང་ཚབ་ཆེ་མོ་བ་མཱ་ཅིན་ཏ། ཀྲུང་གོར་བཅའ་སྡོད་མར་ཏི་ཝེའི་གཞུང་ཚབ་ཆེ་མོ་བ་ཧྥ་ཙེར། ཀྲུང་གོར་བཅའ་སྡོད་མ་ལིའི་གཞུང་ཚབ་ཆེ་མོ་བ་ཏ་ཝུའུ། ཀྲུང་གོར་བཅའ་སྡོད་ལ་ཐེ་ཝེ་ཡའི་གཞུང་ཚབ་ཆེ་མོ་བ་ཨའེ་ཧེང་པའོ་མུའུ་སི། ཀྲུང་གོར་བཅའ་སྡོད་ཏེན་མག་གི་གཞུང་ཚབ་ཆེ་མོ་བ་ཁུང་མོ་ཁེ། ཀྲུང་གོར་བཅའ་སྡོད་ཨིར་ལན་གྱི་གཞུང་ཚབ་ཆེ་མོ་བ་ཨོའུ་པའོ་རེན། ཀྲུང་གོར་བཅའ་སྡོད་ཙམ་པབ་ཝེའི་གཞུང་ཚབ་ཆེ་མོ་བ་ཧྲའོ་ཉི་ཝ། ཀྲུང་གོར་བཅའ་སྡོད་མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་ཨེན་ཧོ་པའོ་ལེ་ཏེ། ཀྲུང་གོར་བཅའ་སྡོད་ནོར་ཝེའི་གཞུང་ཚབ་ཆེ་མོ་བ་ཏེ་ཝེ་ཨེན། ཀྲུང་གོར་བཅའ་སྡོད་ནོ་རུའི་གཞུང་ཚབ་ཆེ་མོ་བ་ཅེ་ལི་མའེ་ཡཱ། ཀྲུང་གོར་བཅའ་སྡོད་ཧྥིན་ལན་གྱི་གཞུང་ཚབ་ཆེ་མོ་བ་མིང་ཁའེ། ཀྲུང་གོར་བཅའ་སྡོད་ཧེ་ཧྲན་གྱི་གཞུང་ཚབ་ཆེ་མོ་བ་པུའུ་ལཱ་ཐུའོ་ཝེ་ཆི། ཀྲུང་གོར་བཅའ་སྡོད་སར་ཝ་ཏོལ་གྱི་གཞུང་ཚབ་ཆེ་མོ་བ་ལའོ་ཕེ་སི། ཀྲུང་གོར་བཅའ་སྡོད་སི་ལོ་ཝེ་ཉི་ཡའི་གཞུང་ཚབ་ཆེ་མོ་བ་མཱ་པོ་དབྱང་། ཀྲུང་གོར་བཅའ་སྡོད་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེ་མོ་བ་སའེ་ཝ་ལུའེ་སི། ཀྲུང་གོར་བཅའ་སྡོད་ཆ་ཏེའི་གཞུང་ཚབ་ཆེ་མོ་བ་ཨ་པཱ་ཁཱར། ཀྲུང་གོར་བཅའ་སྡོད་སོ་མ་ལིའི་གཞུང་ཚབ་ཆེ་མོ་བ་ཧོ་ཏན། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་ཨའོ་ལི། ཀྲུང་གོར་བཅའ་སྡོད་བྷང་ག་ལའི་གཞུང་ཚབ་ཆེ་མོ་བ་ནཱ་ཙི་མུའུ་ཨེར་བཅས་རེད།
མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གཞུང་ཚབ་པ་ཚོ་ཀྲུང་གོར་འགན་འཁྲི་སྒྲུབ་པར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་ཚོར་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་དམངས་ལ་སྨོན་འདུན་བཟང་པོ་བརྒྱུད་ཞུ་བྱེད་རོགས་ཞུས་པ། ཀྲུང་གོ་སྲིད་གཞུང་གིས་གཞུང་ཚབ་པ་ཚོའི་འགན་སྒྲུབ་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་རྒྱུས་ཡུན་རིང་བ་དང་མངའ་ཁོངས་རྒྱ་ཆེན་པོ་ཡོད། སླད་ཕྱིན་གཞུང་ཚབ་པ་ཚོས་ཀྲུང་གོའི་ས་གནས་ཁག་ཏུ་མང་ཙམ་བསྐྱོད་ནས་ཀྲུང་གོའི་མི་སེར་གྱི་བསམ་ཚུལ་མང་ཙམ་ཉན་པ་དང་། ལོ་རྒྱུས་ཐོག་གི་ཀྲུང་གོ་དང་། ད་ཆའི་ཀྲུང་གོ འབྱུང་འགྱུར་གྱི་ཀྲུང་གོ་བཅས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ། ཀྲུང་གོའི་དུས་རབས་ཀྱི་རྣམ་པ་དང་། འཕེལ་རྒྱས་ཀྱི་ལམ་བུ། མདུན་སྐྱོད་ཀྱི་ཁ་ཕྱོགས་བཅས་ཇི་མ་ཇི་བཞིན་མཚོན་པ་བཅས་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་དབར་འགྲོ་འོང་གི་འབྲེལ་ཟམ་འཛུགས་མཁན་དང་། མཉམ་ལས་ཀྱི་སྐུལ་འདེད་མཁན། མཛའ་གྲོགས་ཀྱི་རྒྱུན་འཛིན་མཁན་བཅས་ཀྱི་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)