ཉེ་ཆར། “མཉམ་ལས་བྱས་ནས་འབྱུང་འགྱུར་གཏོད། རྒྱལ་སྤྱིའི་བརྒྱུད་སྤེལ་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གླང་ཆེན་རྒྱལ་སྤྱིའི་བརྒྱུད་སྤེལ་གླེང་སྟེགས་སྐབས་གསུམ་པ་ཡུན་ནན་ཤིས་ཧྲོང་པན་ན་རུ་འགོ་ཚུགས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་21ནས་ཡོང་བའི་མཁས་དབང་དང་། དཔོན་རིགས། སྨྱན་སྦྱོར་གྱི་འཐུས་མི་བཅས་མི་གྲངས་200ལྷག་ཙམ་ཞུགས་ཤིང་། འདི་ནི་གླེང་སྟེགས་ལ་ཞུགས་མཁན་གྱིས་གླང་ཆེན་རྒྱལ་སྤྱིའི་བརྒྱུད་སྤེལ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་གཏམ་བཤད་ཉན་བཞིན་པ།