ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲོའུ་ཀྲང་གཞོན་པ་གནམ་ལྷ(ཐིང་རིམ་པ་གཞོན་པ)ལྐོག་ཟ་ལྐོག་རྔན་གྱི་གྱོད་གཞི་ཞིག་དང་འབྲེལ་བ་ཡོད་པས། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་བྱེད་མཇུག་འགྲིལ་ཏེ་ཞིབ་དཔྱོད་ལས་ཁུངས་སུ་ཞིབ་བཤེར་ཞུ་སྦྱོར་བྱ་རྒྱུར་བསྐྱལ་ཡོད། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་ཟ་ལྐོག་རྔན་གྱི་ཉེས་གསོག་དོགས་གཞི་ཡོད་པའི་གནམ་ལྷ་ཁྲིམས་ལྟར་འཛིན་རྒྱུའི་གཏན་འབེབས་བྱས་ཡོད། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།