《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月12日

ཕྱོགས་གསུམ་གྱི་སྲིད་ཇུས་དང་བྱ་ཐབས་ལ་བརྟེན་ནས་ལས་ཞུགས་རོགས་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ལ་ཐ་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། མི་སྤྱི་པུའུ་དང་། ནོར་སྲིད་པུའུ། དམངས་སྲིད་པུའུ། ཀྲུང་གོ་དབང་སྐྱོན་ལྷན་ཚོགས་བཅས་ཀྱིས《ལས་ཞུགས་རོགས་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 《བརྡ་ཐོའི》ནང་ཕྱོགས་གསུམ་ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་བཏོན་པ་སྟེ། གཅིག་ནས་ལས་ཞུགས་རོགས་སྐྱོར་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རོགས་སྐྱོར་བྱ་ཡུལ་གྱི་ཁྱབ་ཁོངས་གཏན་འཁེལ་ལུགས་མཐུན་བྱེད་པ་དང་། རེ་ཞུ་ངོས་འཛིན་གྱི་ཐབས་ལམ་ཤར་གཏོང་ཐུབ་པ། རོགས་སྐྱོར་གྱི་དགོས་མཁོ་ཁོང་དུ་ཆུད་པ། རིགས་དབྱེ་གནད་སྨིན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྗེས་སྙེག་ཞབས་ཞུ་དོ་དམ་ཡག་པོ་སྒྲུབ་པ་བཅས་བྱས་ནས། ལོ་ན་མཐོ་བའི་མི་སྣར་འཚམ་པའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་ལས་ཞུགས་ལས་གནས་སྔོག་འདོན་དང་གསར་གཏོད་བྱེད་དགོས། གཉིས་ནས“གཟིགས་སྐྱོང་གཉིས་དང་ཁ་གསབ་གསུམ”གྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཁེ་ལས་ཀྱིས་རོགས་སྐྱོར་བྱ་ཡུལ་ལས་ཀར་བསྡུ་རིགས་དང་རོགས་སྐྱོར་བྱ་ཡུལ་གྱིས་རང་བརྟེན་ལས་གཏོད་བྱེད་རིགས་ལ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་དང་ལས་གཏོད་ཁག་ཐེག་དངུལ་བུན་དང་། དེ་བཞིན་སྐྱེད་གསབ་གཟིགས་སྐྱོང་དོན་འཁྱོལ་བྱེད་དགོས། རོགས་སྐྱོར་བྱ་ཡུལ་ཁེ་ལས་སུ་ལས་ཞུགས་དང་སྟབས་བསྟུན་ལས་ཞུགས་བྱེད་མཁན་རིགས་ལ་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྤྲོད་དགོས་པ་དང་། ལས་རིགས་གསོ་སྦྱོང་དང་ལས་རིགས་རྩལ་ནུས་ཀྱི་གདང་རིམ་གདེང་འཇོག་ནང་ཞུགས་མཁན་ལ་ལས་རིགས་གསོ་སྦྱོང་གི་ཁ་གསབ་དང་ལས་རིགས་རྩལ་ནུས་གདེང་འཇོག་གི་ཁ་གསབ་སྤྲོད་དགོས་པ། ཁྲོམ་རའི་ཐབས་ལམ་བརྒྱུད་ལས་ཞུགས་དཀའ་བའི་རིགས་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱུད་ཐ་སྐྱོང་བཀོད་སྒྲིག་བྱས་ནས་ལས་གནས་ཀྱི་ཁ་གསབ་སྤྲོད་དགོས། དེ་དང་ཆབས་ཅིག་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་དང་སྦྲེལ་མཐུད་ཡག་པོ་བྱེད་དགོས། གསུམ་ནས་ལས་ཞུགས་རོགས་སྐྱོར་ལས་ཀའི་འགན་འཁྲི་ནན་པོར་དཀྲི་དགོས། ལས་ཞུགས་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཞུགས་རོགས་སྐྱོར་གྱི་སྲིད་ཇུས་དང་ཞབས་ཞུ་ཀུན་འདུས་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ལས་ཞུགས་རོགས་སྐྱོར་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། (པ་ཚེས་བསྒྱུར། པ་ཚེ་དང་པད་ཆོས་ཀྱིས་ཞུས)