ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ལམ་ཐིག་དེ་མིག་སྔར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)18ཀྱི་གྲོང་ཁྱེར་73ལ་ཁྱབ་པ་དང་། རྒྱལ་ཁབ་དང་ས་ཁུལ་126གི་གྲུ་ཁ་548ལ་དངོས་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད། ཟླ་12ཚེས་5ཉིན་བར་འདི་ལོའི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བྱས་ན་ཚད་ལྡན་དོས་སྒམ་ཁྲི་86.58སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་8.3%འཕར་ཡོད། འདི་ནི་ཀོང་ཤིས་ཆིན་ཀྲོའུ་ལྕགས་ལམ་དོས་སྒམ་ལྟེ་བའི་ས་ཚིགས་ནས་དངོས་ཟོག་བྱུར་བུར་བླུགས་པའི་དུས་གཏན་མེ་འཁོར་ཁྲུང་ཆིང་ཕྱོགས་སུ་ཐོན་བཞིན་པ།