འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་དང་སྲིད་འཛིན་ནུས་ཕྱོད་ཆེ་རུ་བཏང་ནས‘དོན་དག་གཅིག་ལས་ཕྱོད་ཆེན་པོས་སྒྲུབ་པར’སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཨུད། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་གཏོང་ཆེད། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞིང་ཆེན་མི་སྤྱི་ཐིང་སོགས་སྡེ་ཚན་ལྔ་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི“དོན་དག་གཅིག”ལས་ཕྱོད་ཆེན་པོས་སྒྲུབ་པའི་ལག་བསྟར་ཇུས་གཞི》བཀྲམ་པ་རེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཁྲོམ་ར་ལྟ་འདོམས་སྡེ་ཚན་དུ་ཁེ་ལས་སྤོ་སྒྱུར་གྱི“དོན་དག་གཅིག་ཐེངས་གཅིག་རང་ལ་སྒྲུབ་པའི”རྨང་གཞིའི་ཐོག 《ལག་བསྟར་ཇུས་གཞི》བཏོན་ནས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི“དོན་དག་གཅིག”གི་ལས་སྒོ་རྒྱ་སྐྱེད་དང་ལས་ཕྱོད་ཆེ་རུ་བཏང་བས་ཁེ་ལས་སྤོ་སྒྱུར་གྱི་འབྲེལ་ཡོད་ལས་དོན་སྒྲུབ་སྐབས་དེ་བས་བདེ་བླག་དང་སྟབས་བདེ་བྱུང་ནས་ལས་ཕྱོད་ཆེན་པོས་སྒྲུབ་ཐུབ་པར་བྱེད་པའི་དམིགས་ཚད་དངོས་འབྲེལ་མངོན་འགྱུར་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
མཚོ་སྔོན་གྱི་སྲིད་དོན་ཞབས་ཞུའི་དྲ་བ་དེ་གཅིག་གྱུར་གྱི་འཛུལ་སྒོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོ་ཐོ་འགོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་གྱི་ལས་སྟེཌ་དང་། མཚོ་སྔོན་ཞིང་ཆེན་གློག་རྡུལ་ཁྲལ་དོན་ཅུས། མཚོ་སྔོན་ཞིང་ཆེན་མི་སྤྱི་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས། མཚོ་སྔོན་ཞིང་ཆེན་གྱི་སྤྱི་གསོག་མ་དངུལ་ཚན་པའི་དྲ་ཐོག་ལས་སྒོའི་ཚོམས་ཆེན་སོགས་ཀྱི་ལས་སྟེགས་བསྡུ་རུབ་བྱས་ཏེ་ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི“དོན་དག་གཅིག”གི་དྲ་ཐོག་ཞབས་ཞུའི་ཆེད་ཁུལ་བཙུགས་ནས་ཁེ་ལས་སྤོ་སྒྱུར་ཐོ་འགོད་ཐད་ཀྱི“དྲ་གཅིག་ཀུན་སྒྲུབ”ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། ཁེ་ལས་སུ་སྤོ་སྒྱུར་ཐོ་འགོད་ཀྱི་གནས་ཚུལ་ཐོན་རྗེས། ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི“དྲ་གཅིག་ཀུན་སྒྲུབ”ལས་སྟེགས་ནང་འཛུལ་ཏེ་དྲ་བ་གཅིག་ནས་ཁེ་ལས་ཀྱི་སྤོ་སྒྱུར་ཐོ་འགོད་ཀྱི་འབྲེལ་ཡོད་ལས་སྒོ་གཉེར་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁེ་ལས་ཀྱིས་ཐོ་འགོད་བྱས་པའི་གཞི་རྩའི་ཆ་འཕྲིན་དང་སྤོ་སྒྱུར་ཐོ་འགོད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་མཉམ་སྤྱོད་བྱས་རྗེས། འབྲེལ་ཡོད་སྡེ་ཚན་གྱིས་ཁྲལ་དོན་སྤོ་སྒྱུར་དང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་རྩིས་ཁྲ་ཐམ་མནན་ཉར་ཚགས། དེ་བཞིན་ཚན་པའི་ཐོ་འགོད་དང་སྤྱི་ཚོགས་འགན་བཅོལ་ཐོ་འགོད་སོགས་ཀྱི་ལས་སྒོ་སྒྲུབ་སྐབས་ཁེ་ལས་ནས་དེ་མཚུངས་ཀྱི་ཡིག་རིགས་བསྡུ་མི་དགོས་པར། གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་ཚེ་གཏན་འབེབས་ཀྱི་དུས་བཀག་ནང་འབྲེལ་ཡོད་ལས་སྒོ་གཉེར་ནས་ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི“དོན་དག་གཅིག”ལས་ཕྱོད་ཆེན་པོས་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབྲེལ་ཡོད་ཆ་འཕྲིན་ཅན་གྱི་ལས་སྒོའི་མ་ལག་སྦྲེལ་མཐུད་དང་མཉམ་འདྲེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི“དྲ་གཅིག་ཀུན་སྒྲུབ”ཀྱི་ལས་སྟེགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་སྤོ་སྒྱུར་གྲངས་གཞི་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི“ལས་དོན་གཅིག”གི་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་པ། ཁེ་ལས་སྤོ་སྒྱུར་ཐོ་འགོད་ཀྱི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་ནུས་ལྡན་གཏོང་བ། ཁེ་ལས་སྤོ་སྒྱུར་ཐོ་འགོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།