ཉེ་ཆར། ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཨན་ཏིང་ཆུས་ལི་ཅ་པའོ་གྲོང་རྡལ་གྱི་ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ཀན་སུའུ་དང་། ཧྲའན་ཤིས། ཉིང་ཞ། ནང་སོག མཚོ་སྔོན་སོགས་ཀྱི་ཚོང་པས་དེ་གར་ཕྱུགས་རིགས་སྣ་ཚོགས་ཉོ་ཚོང་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཕྱུགས་རིགས་ཁྲོམ་ར་དེས་ལོ་རེར་ཕྱུགས་རིགས་མགོ་གྲངས་ཁྲི་35ལྷག་ཙམ་ཉོ་ཚོང་བྱས་ནས་ས་གནས་དེ་གའི་འབྲོག་ལས་འཕེལ་རྒྱས་དང་གསོ་ཚགས་དུད་ཚང་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད། འདི་ནི་ཟླ་12ཚེས་6ཉིན་ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཨན་ཏིང་ཆུས་ལི་ཅ་པའོ་གྲོང་རྡལ་གྱི་ཕྱུགས་རིགས་ཉོ་ཚོང་ཁྲོམ་རར་མི་རྣམས་ཀྱིས་རིན་གོང་འགྲིག་བཞིན་པ།