འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་ཉ་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཆུའི་ཐོན་རྫས་དུས་ཡུན་རིང་པོར་འབོར་ཆེ་གོང་བརྟན་རྒྱུན་འཁྱོངས་ཐུབ་སྟེ་སྤྱིའི་ཐོན་འབོར་ལོ་34བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ཉ་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ། ཆུ་ཐོན་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་མཐུན་སྦྱོར་འཕེལ་རྒྱས་ཕྱིན་ཏེ། རྒྱ་མཚོའི་ཉ་ལས་ཐོན་ཁུངས་ཉམས་ཞན་དུ་འགྲོ་ཚུལ་2013ལོ་ནས་2017ལོ་བར་གྱི་ལོ་རེའི་ཆ་སྙོམས་ཀྱི་13%ནས་2018ལོ་ནས་2022ལོའི་བར་གྱི་ལོ་རེའི་ཆ་སྙོམས་ཀྱི་4%བར་ཆག་ཡོད། འོན་ཀྱང་གནམ་གཤིས་འགྱུར་ལྡོག་དང་། ཆུ་ཁོངས་སྦགས་བཙོག ལས་གྲྭ་འཛུགས་སྐྲུན། ཉ་ཚད་ལས་བརྒལ་ནས་འཛིན་པ་སོགས་ཀྱི་ཤུགས་རྐྱེན་ཕོག་ནས་ཉ་ལས་ཐོན་ཁུངས་སྔར་བཞིན་ཉམས་ཞན་དུ་འགྲོ་བ་དང་། གཅུན་འདོམས་ནན་པོ་སྔར་བཞིན་བྱེད་དགོས་པ་མངོན་པས་བདག་སྐྱོང་གི་བྱ་ཐབས་སྔར་བས་ཕུན་སུམ་ཚོགས་སུ་དང་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་རེད། (བསྟན་བློས་བསྒྱུར། སྐལ་མཆོག་གིས་ཞུས)