ཟླ་12ཚེས་5ཉིན། ཧུའུ་ནན་ཁྲང་ཧྲ་ཡི་ལྕགས་ལམ་འཛུགས་སྐྲུན་གྱི་ལྕི་བའི་བཟོ་ལས་ཁྲང་ཧྲ་ཐོན་ལས་གླིང་གཉིས་པའི་སྤྱིའི་སྒྲིག་སྦྱོར་བཟོ་ཁང་དུ་སྒྲིག་སྦྱོར་བྱས་པའི་འབིགས་འཕྲུལ་ཞིབ་བཤེར་རྩིས་ལེན་བྱེད་མཚམས་སུ་སླེབས་ཡོད། རྗེས་སུ་འཇུག་པ་ནས་མདུན་དུ་སྐྱོད་པའི་བར་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཀྱི་འབིགས་འཕྲུལ་སྤྱི་ཡོངས་ནས་རང་རྒྱལ་གྱིས་བཟོ་ཐུབ་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་ཏེ་འགག་རྩའི་ལྷུ་ལག་གཞི་རྩའི་ཆར་རང་བརྟེན་ཇུས་འགོད་དང་ཐོན་སྐྱེད་ཐུབ་ཀྱི་ཡོད་པ་རེད།