《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月08日

ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)2024ལོའི་སྟོན་ཁའི་སློབ་དུས་ཀྱི་འཛིན་གྲྭ་ཁག་གཉིས་པའི་སློབ་ཐོན་མཛད་སྒོ་འཚོགས་པ།

ཁྲེན་ཞི་མཛད་སྒོར་ཞུགས་པ་དང་འབྲེལ་སློབ་མར་སློབ་ཐོན་ལག་ཁྱེར་གནང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)2024ལོའི་སྟོན་ཁའི་སློབ་དུས་ཀྱི་འཛིན་གྲྭ་ཁག་གཉིས་པའི་སློབ་ཐོན་མཛད་སྒོ་འཚོགས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཁྲེན་ཞི་སློབ་ཐོན་མཛད་སྒོར་ཞུགས་པ་དང་འབྲེལ། སློབ་མར་སློབ་ཐོན་ལག་ཁྱེར་གནང་བ་རེད།

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་དུས་འདིར་སློབ་ཐོན་སློབ་མ་481ཡོད་པ་དང་། སློབ་ཐོན་མཛད་སྒོར་སློབ་མའི་འཐུས་མི་བཞིས་གཏམ་བཤད་སྤེལ་ཞིང་། ཚང་མས་གཅིག་སྡུད་གསོ་སྦྱོང་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བཅས་བྱས་ནས། ཟབ་སྦྱོང་མཐིལ་རྟོགས་བྱེད་རིང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་པས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཚད་མཐོའི་རང་རྟོགས་ཆེ་རུ་ཕྱིན་ལ། གཏིང་ཟབ་པའི་ཏང་གཤིས་ཀྱི་སློབ་གསོ་དང་གནད་ལ་འཁེལ་བའི་འགན་སྒྲུབ་ནུས་པའི་གསོ་སྦྱོང་ཐུབ་ནས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་སོང་བ། བསམ་བློའི་གནས་ཚད་མཐོ་རུ་ཕྱིན་པ། ནུས་པ་དང་འཇོན་ཐང་ཆེ་རུ་ཕྱིན་སོང་ཞེས་ངོས་འཛིན་གཅིག་མཐུན་བྱུང་ཚུལ་བརྗོད་པ་རེད། ཚང་མས། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་རྨང་རྩ་གཉིས་བརྟན་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཕན་འབྲས་དངོས་ལ་སྒྱུར་བ་དང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན། ཕྱི་ལོའི་གཙོ་གནད་ལས་དོན་སྔ་སྣུར་དུ་ཇུས་འགོད་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་པ་ཕན་གྱིས་ཞུས)