འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་གྱིས་2019ལོ་ནས་བཟུང་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན། རང་བྱུང་སྲུང་སྐྱོང་ཁུལ་ཕྱོགས་ཡོངས་ནས་བསྡུ་སྒྲིལ་དང་བཟང་སྒྲིག་བྱས་ཏེ་བར་མཐོངས་ཀྱི་སྣོལ་སྡེབ་དང་རིམ་བརྩེགས་ཚབས་ཆེན་དང་ས་མཚམས་གསལ་པོ་མེད་པའི་རང་བྱུང་སྲུང་སྐྱོང་ཁུལ་109དག་རིགས་7དང་ཁག་83དུ་བསྡུ་སྒྲིལ་བཟང་སྒྲིག་བྱས་པ་རེད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲངས་འབོར་17ཟིན་པ་དེ་དག་ནཌ་ཚལ་དང་། རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་། འདམ་ར། ཐང་རྒོད་སོགས་ཀྱི་སྐྱེ་ཁམས་རིགས་ལ་ཁྱབ་ཡོད་པ་དང་། དེའི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་18%ཙམ་བཟུང་སྟེ། རང་བྱུང་སྲུང་སྐྱོང་ཁུལ་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ས་གལ་ཆེན་དང་སྐྱེ་ཁམས་ཀྱི་སྤུས་རྟགས་སུ་གྱུར་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་འགན་འཁུར་བས“ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཁག་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བར་གནས་པས་རང་སོ་སོའི་རང་བྱུང་ཁྱད་ཆོས་དང་འཛུགས་སྐྲུན་གྱི་ད་ཡོད་གནས་ཚུལ་མི་འདྲ་བར་གཞིགས་ནས་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད། མཚོ་སྔོན་པོ་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་རྒྱལ་སྤྱིའི་འདམ་རའི་སྤུས་རྟགས་གལ་ཆེན་ལ་བརྟེན་ནས་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་སྟོན་ཧུར་ཐག་བཏོད་པ་དང་། མཚོ་ནུབ་ཀྱི་ཁོ་ལུའུ་ཁེ་མཚེའུ་དང་སྟོང་སྐྱ་མཚོ་ནག གོར་མོའི་སྦྱར་པའི་ནགས་ཚལ་བཅས་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་པ་སྤོར་བའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ནུའོ་མུའུ་ཧུང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་དོ་དམ་སྒྲིག་གཞི་འཛུགས་པ་དང་མི་སྣ་བཀོད་སྒྲིག་བརྩོན་ལེན་ཧུར་ཐག་བྱས་ནས་ལས་དོན་ཁག་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད་རྩོམ་བཟོའི་ལས་དོན་ཡག་པོ་སྒྲུབ་ཆེད། རང་བྱུང་སྲུང་སྐྱོང་ཁུལ་ཁག་གིས་དྲང་ལྡོག་གཉིས་ཀྱི་རྩིས་ཐོ་མགྱོགས་མྱུར་བཟོས་ནས་རིག་གནས་དང་ཡུལ་སྐོར་སྡེ་ཚན་དང་མཉམ་ལས་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་སྲུང་སྐྱོང་ཁུལ་གྱི“རི་བོ་གཉིས”ཀྱི་ཕྱོགས་སྒྱུར་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། སྐྱེ་ཁམས་ཡུལ་སྐོར་འགག་སྒྲོལ་བྱེད་སར་བརྩིས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་རང་ངོས་ཀྱི་རང་བརྟེན་ནུས་པ་འདོན་སྤེལ་དང་། སྤྱི་ཕན་རང་བཞིན་གྱི་རང་བྱུང་སློབ་གསོ་དང་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་བྱེད་སྒོ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་གྱི་སྤུས་ཚད་བཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་སྣོད་བཅུད་རིན་ཐང་མངོན་པར་བྱས་ཡོད་པ་རེད།
(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)