《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月06日

མཚོ་སྔོན་གྱི་ཞིང་ལས་སྤུས་རྟཌ་13ཀྲུང་གོའི་ཞིང་ལས་སྤུས་རྟཌ་དཀར་ཆག་གི་2024ལོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལ་བདམས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་2ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་གོའི་ཞིང་ལས་ཐོན་རྫས་ཁྲོམ་ར་མཐུན་ཚོགས་ཀྱིས་ཀྲུང་གོའི་ཞིང་ལས་སྤུས་རྟགས་དཀར་ཆག་2024ལོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ནང་ཚུད་རིགས་539ཡོངས་བསྒྲགས་བྱས་ཤིང་། མཚོ་སྔོན་གསེར་ཁོག་གི་འབྲི་གཡག་དང་། ཡུལ་ཤུལ་གྱི་འབྲི་གཡག མདོ་ལའི་བོད་ལུག ཝུའུ་ལམ་ཚྭ་ཁའི་ལུག རྨ་ལྷོའི་སུའུ་ཧོ་ཨོ་ལའི་ལུག བྲག་དཀར་གྱི་ནས། ཡུལ་ཤུལ་གྱི་ནས་ནག འཇུ་ལག་གི་པད་ཁ། ཚྭ་འདམ་གྱི་འབྲི་ཏ་ས་འཛིན། དགོན་ལུང་གི་བོད་ཕག རྨ་ཆུའི་ཉ་ཤུན་ཙུན། གྲོ་ཚང་གི་སྒོག་སྨུག ཡ་རྫིའི་སུར་པན་བཅས་སྤུས་རྟགས་13ཚུད་ཡོད་པ་རེད།

ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཞེས་པ་ནི་རང་བྱུང་ཁམས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་། ལོ་རྒྱུས་མི་ཆོས་ཀྱི་རྒྱུ་རྐྱེན་ངེས་གཏན་ལྡན་པའི་ས་ཁོངས་སུ་འབྲེལ་ཡོད་རྩ་འཛུགས་ཚང་མ་དང་ཡང་སྒོས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་མཁན་མང་པོས་མཉམ་དུ་བེད་སྤྱོད་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ཤིག་རེད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱིས་སྤུས་རྟགས་ཀྱིས་ཞིང་ལས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས། འབྲི་གཡག་དང་། བོད་ལུག ནས། པད་ཁ། ཞོག་ཁོག ཆུ་གྲང་ཉ། འབྲི་ཏ་ས་འཛིན། འདེབས་ལས། འཁྱགས་གཏོང་སྔོ་ཚལ། གཟན་རྩྭ། འཐེན་ཐུག་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས“མཚོ་སྔོན་གྱི་ཞིང་འབྲོག་ལས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཟུགས་བརྙན་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས། ཁེ་ལས་ཀྱི་སྤུས་རྟགས། ཐོན་ལས་ཀྱི་སྤུས་རྟགས་བཅས་ཟུང་དུ་འབྲེལ་བའི”མཐུན་སྦྱོར་འཕེལ་རྒྱས་དང་། ཕན་ཚུན་འདེགས་སྐྱོར་ཐུབ་པའི་ཞིང་འབྲོག་ལས་ཀྱི་སྤུས་རྟགས་མ་ལག་ཅིག་གཏོད་རྒྱུར་ཤུགས་བརྒྱབ་སྟེ། ཞིང་ལས་སྤུས་རྟགས་སྐྱེད་སྲིང་བྱ་རྒྱུ་དེ་ཐོན་རྫས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། “ས་གཙང་མཚོ་སྔོན། ས་མཐོའི་སྤུས་དག”གི་མཚོ་སྔོན་གྱི་ཞིང་འབྲོག་ལས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཟུགས་བརྙན་ཧུར་ཐག་གཏོད་པ་དང་། “ཡུལ་ཟོག”རྩེ་གྲ་བཟོ་བ། སྤུས་རྟགས་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན། གཞི་ཁྱོན་ཅན། ཚད་གཞི་ཅན་བཅས་མཉམ་འདྲེས་འཕེལ་རྒྱས་ལ་གང་མགྱོགས་སྐུལ་འདེད་བཏང་སྟེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་། ཕན་འབྲས། འགྲན་ནུས་བཅས་ཆེ་རུ་བཏང་ཡོད།

མིག་སྔའི་བར། རིམ་རྩིས་བརྒྱབ་ན། ཞིང་ཆེན་ཡོངས་སུ་ཞིང་འབྲོག་ལས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཟུགས་བརྙན་9སྐྱེད་སྲིང་བྱས་པའི་ཁྲོད་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཟུགས་བརྙན་1དང་། གྲོང་ཁྱེར་དང་ཀྲོའུ་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཟུགས་བརྙན་8ཡོད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་29སྐྱེད་སྲིང་བྱས་པའི་ཁྲོད་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་10དང་། གྲོང་ཁྱེར་དང་། ཀྲོའུ། རྫོང་བཅས་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་19 ཁེ་ལས་ཀྱི་སྤུས་རྟགས་20 ཐོན་ལས་ཀྱི་སྤུས་རྟགས་200བཅས་ཚུད་ཡོད་པ་རེད། (པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)