《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月06日

མཚོ་སྔོན་གྱིས་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས“ཕྱོགས་གསུམ་གཞི་གཅིག”གི་ཁྲིམས་སྐྱོང་གི“སློབ་གསོ་ཆེ་མོའི”རྣམ་པ་བཏོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བྱ་ཐབས་ནུས་ལྡན་སྤྱད་དེ“བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ”དང“ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་ཆེད་དོན་བྱ་སྤྱོད”སོཌ་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲཌ་སློབ་གསོའི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་ནས། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས“ཕྱོགས་གསུམ་གཞི་གཅིག”གི་ཁྲིམས་སྐྱོང་གི“སློབ་གསོ་ཆེ་མོའི”རྣམ་པ་བཏོད་དེ། གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་དང་ཁྲིམས་སྐྱོང་བྱང་ཚད་ཕྱོཌ་ཡོངས་ནས་མཐོ་རུ་བཏང་ནས། གཞོན་ནུ་ལོ་ཆུང་གིས་ཁྲིམས་ལ་བརྩི་འཇོག་དང་། ཁྲིམས་སྦྱོང་བ། ཁྲིམས་སྲུང་། ཁྲིམས་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། དེ་ནི་གསར་འགོད་པས་ཟླ་12ཚེས་2ཉིན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱས་པའི་གནས་ཚུལ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་སོགས་སྡེ་ཚན་12དང་མཉམ་དུ་བཀྲམ་པའི《མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞིའི》ནང“སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། སློབ་གསོ་སྡེ་ཚན”བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་གཤིས་ཅན་གྱི“ཁྲིམས་ལུགས་ཁྱབ་གདལ་ཐོ་གཞུང”བཟོས་པ་དང་དུས་མཚུངས་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས“སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ”གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སློབ་གསོའི་སྡེ་ཚན་དང་མཉམ་དུ་དེ་མཚུངས་ཀྱི་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞི་འཛུགས་པ་དང་མཉམ་འབྲེལ་ཚོགས་འདུའི་ལམ་ལུཌ་བཟོས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲཌ་བྱ་རྒྱུ་དེ་རྒྱལ་དམངས་སློབ་གསོའི་མ་ལག་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན“རྒྱལ་ཁབ་རིམ་པའི་གསོ་སྦྱོང”གི་འཆར་གཞིའི་ནང་བཅུག་ཡོད། ན་ཚོད་མི་འདྲ་བའི་གཞོན་ནུ་ལོ་ཆུང་གི་ལུས་སེམས་ཀྱི་ཁྱད་ཆོས་དང་ཤེས་རྟོཌ་ཀྱི་ཆོས་ཉིད་མི་འདྲ་བར་གཞིཌ་ཏེ། བཅའ་ཁྲིམས་ཀྱི་འཆད་ཁྲིད་ཆེན་མོ་དང་། ཁྲིམས་སྐྱོང་གི་འགུལ་རིས། གྱོད་དཔེ་དྲངས་ནས་བཅའ་ཁྲིམས་འགྲེལ་བཤད་སོགས་བརྒྱུད་རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་དུ་དྲིལ་བསྒྲགས་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་གི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱས་ནས་ཟབ་ཏུ་བཏང་ཡོད། “སློབ་གྲྭ་རེ་ལ་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་རེའི”ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། “ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་དང་། ཁྲིམས་སྐྱོང་ཟུར་ཁྲིད་པ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་ཁྲིམས་སྐྱོང་ཚོཌ་པའི་སྟོབས་ཤུགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཁག་ལ་ཁྱོན་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་1203དང་ཁྲིམས་སྐྱོང་ཟུར་ཁྲིད་པ་1925འདེམས་བསྡུ་བྱས་རྗེས་ཚང་མར་ཁྱབ་ཡོད་པ་རེད།

ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བརྒྱུད་རིམ་ནང་སྤྱི་ཚོགས་ཀྱི་སྤྱི་ཕན་སྟོབས་ཤུགས་མངོན་གསལ་དོད་པོ་ཡོང་བར་སྣང་ཆེན་བྱས་ཏེ། ཞིང་ཆེན་ནང་ཁོངས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་བརྟེན་ནས་མི་350ཡོད་པའི་སློབ་གྲྭ་ཆེ་མོ་བའི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པའི་དཔུང་ཁག་བཙུགས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་69རུ་བསྐྱོད་དེ་གཅིག་སྡུད་སློབ་ཁྲིད་དང་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་དེ་སློབ་གྲྭའི་དགེ་སློབ་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་དོན་ཟུར་ཁྲིད་བྱས་པ་རེད། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དང“གུང་གསེང་བཞག་རྗེས་ཀྱི་སློབ་ཚན”སོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་ཁྲིམས་འཛིན་ཐིང་དང་དེ་བཞིན་ཁྲིམས་ལུགས་ཁྱབ་གདལ་གྱི་ཁོངས་མིའི་ཚན་པ་ཁག་གིས་ད་དུང“ཁྲིམས་སྐྱོང+”སྣ་མང་རྒྱུ་རྐྱེན་གཙོ་བོའི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་བཏོད་དེ་སྣ་མང་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ནས། ཉལ་ཁང་དང་དཔེ་མཛོད་ཁང་སོགས་སྤྱི་པའི་ས་ཆ་གང་ལེགས་སྤྱད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱང་བུ་དང་སློབ་གྲྭའི་ཁྱད་ཆོས་མངོན་པའི་ཁྲིམས་སྐྱོང་རིག་གནས་བརྩམས་ཆོས་སོགས་བཏོན་ནས་སློབ་གྲྭའི་ཁྲིམས་སྐྱོང་རིག་གནས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད། ཞིང་ཆེན་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ཚོགས་པ་བཙུགས་ཏེ་12348ཐད་སྦྲེལ་ཁ་པར་ལས་སྟེགས་ཀྱིས་འདེགས་སྐྱོར་བྱས་ནས་སྤྱི་རྟགས་དང་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་བརྒྱུད་རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མིར་ཉིན་མཚན་དབྱེར་མེད་དུ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་ཡི་ཡོད། ཁྱིམ་བདག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་འབྲེལ་ཁྱིམ་བདག་ཚོགས་འདུ་འཚོགས་ནས་ཁྱིམ་བདག་གི་སྒོ་དབྱེའི་ཉིན་མོ་དང་ཕ་མས་བུ་ཕྲུག་ཁྲིད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། 《ཁྱིམ་ཚང་གི་སློབ་གསོར་སྐུལ་འདེད་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་དང་ཁྱབ་གདལ་བཏང་བ་དང་། ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས“ཟུང་འབྲེལ་གསུམ”གྱི་ཁྲིམས་སྐྱོང་མི་སྣ་གསོ་སྐྱོང་གི་དྲ་རྒྱ་སྔར་བས་ཡག་པོ་བཙུགས་ཡོད།