ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་བྱང་འདབས་སུ་གནས་པའི་ཧྲན་ཏན་རྟ་རས“6+6”རྩྭ་ཁ་རེས་སྐོར་གྱི་ལམ་ལུགས་འཚོལ་ཞིབ་ཧུར་ཐག་བྱས་ནས་ལོ་རེའི་ཟླ་11ནས་སང་ལོའི་ཟླ་4པའི་བར་ལས་བཟོར་རིན་མེད་ངང་སོག་ཤུལ་མུའུ་ཁྲི་7ལྷག་ཙམ་མཁོ་འདོན་བྱས་པས། རང་བྱུང་རྩྭ་ཐང་གི་ཕྱུགས་རིགས་ཤོང་ཚད་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་རྩྭ་ཕྱུགས་དོ་སྙོམས་བྱུང་ཞིང་། འདི་ནི་ཟླ་12ཚེས་4ཉིན། ཀན་སུའུ་ཧྲན་ཏན་རྟ་རའི་རྟ་ཁྱུ་སོག་ཤུལ་དུ་ཟས་འཚོལ་བཞིན་པ།