འདི་ག་ཚགས་པར་ཁང་དུ་ཨའོ་མོན་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་ཏང་ཙེ་དམག་སྒར་དུ་འཚོགས་པ་རེད།
དམག་སྒར་གྱི་ཚོགས་ཁང་ནང“‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་མཛད་ཕྱོགས་རླབས་པོ་ཆེ་ལག་བསྟར་བྱས་ནས་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས”ཞེས་པའི་སྦྱར་ཡིག་མངོན་པར་གསལ་ཞིང་། སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་ཚོགས་ཆེན་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་ཚོགས་ཆེན་ལ་ཕེབས་པ་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ལས་རོགས་པན་རུའེ་ཧྥུང་གིས་ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་ཚབ་ཞུས་ནས་གསུང་བཤད་གནང་བ་རེད། ལྷོ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝུའུ་ཡཱ་ནན་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་། ཨའོ་མོན་ཀྲུང་དབྱང་མཉམ་འབྲེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲེང་ཤིན་ཚུང་། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་སི་ལིང་ཡོན་ཡུས་ཁྲང་ཅང་བཅས་ཀྱིས་གསུང་བཤད་དང་ཤིས་ཚིག་བསྒྲོན་ཞིང་། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་ལིན་ཆིང་ཧྭ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་25སོང་རིང་། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་དང་བཅའ་སྡོད་དམག་དཔུང་གི་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱེད་པ། འགོག་སྲུང་ལས་དོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་བཅས་བྱས་ཏེ་ཨའོ་མོན་གྱི་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་པ་དང་ཟིལ་རྔམ་ལྡན་པའི་དམག་དཔུང་དང་ཤེས་དཔལ་ལྡན་པའི་དམག་དཔུང་གི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པར་བྱས་ཡོད། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཔུང་སྡེའི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། འགོག་སྲུང་ལས་དོན་ལྟེ་བར་འཛིན་པའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། ཨའོ་མོན་གྱི་དར་རྒྱས་དང་བརྟན་ལྷིང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པ། ཏང་དང་མི་དམངས་ལ་ཚད་ལོན་གྱི་རྒྱུགས་ལན་ཞིག་ཕུལ་བས། ཁོང་ཚོ་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཐུགས་བློ་བདེ་པོ་ཡོང་བ་དང་སྤུན་ཟླ་ཨའོ་མོན་བས་བློས་འགེལ་ཆོག་པའི་ལྷག་བསམ་རྣམ་པར་དག་པའི་སྲུང་དམག་ཅིག་རེད།
རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་བསྐྱོད། དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་25འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་དམག་དཔུང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། འགོག་སྲུང་ལས་དོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ། ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ནས། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད།
རྔམ་བརྗིད་ལྡན་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་ཚོགས་ཆེན་མཇུག་འགྲིལ་ཞིང་། ཨའོ་མོན་དམིགས་བསལ་ས་ཁུལ་གྱི་དེ་སྔའི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་ལས་ཁུངས་ཀྱི་འཐུས་མི། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཨའོ་མོན་གྱི་ཀྲུང་གོའི་མ་འཇོག་སྒྲིག་གཞི་གཙོ་བོ་དང་རྒྱལ་གཅེས་ཨའོ་གཅེས་ཚོགས་པའི་འགན་འཁུར་བ། ཤང་ཀང་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་དཔུང་སྡེ་དང་། ཀོང་ཏུང་ཞིང་ཆེན། ཀྲུའུ་ཧའེ་གྲོང་ཁྱེར་གྱི་འགོ་ཁྲིད་དང་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་བཅས་ཁྱོན་མི་600ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།