《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月04日

རྒྱལ་ནང་གི་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་དབང་ཚད་ཁྲི་466ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་10པའི་ཟླ་མཇུག་བར། རྒྱལ་ནང་གི་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་དབང་ཚད་ཁྲི་466ཟིན་ཞིང་། དེའི་ནང་ཁེ་བེད་བདག་ཐོབ་དབང་བའི་ཁེ་ལས་ཁྲི་341.7ཟིན་ནས་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་གྲངས་འབོར་ཡོངས་ཀྱི་73.3%བཟུང་ཡོད།

དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིས་ཁེ་བེད་བདག་ཐོབ་བརྒྱུད་བཤུག་གི་ཆོག་འཐུས་ཐོ་འགོད་བྱས་པའི་གྲངས་འབོར་དུས་མཚུངས་ལས་24.1%འཕར་བ་དང་། ཁེ་བེད་བདག་ཐོབ་དང་ཚོང་རྟགས་ཀྱི་རྒྱུ་འཛིན་གཏའ་འཇོག་གི་མ་དངུལ་བསྡུ་སྒྲིལ་ཐོ་འགོད་བྱས་པའི་བསྡོམས་འབོར་སྒོར་དུང་ཕྱུར་7922.3ཟིན་ནས་དུས་མཚུངས་ལས་60%འཕར་བ། ཤེས་བྱའི་བདག་དབང་བེད་སྤྱོད་འགྲོ་གྲོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་3072ཟིན་ནས་དུས་མཚུངས་ལས་7.2%འཕར་བ་བཅས་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

ཟླ་10པའི་ཟླ་མཇུག་བར། རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཆ་སྙོམས་ཞིབ་དཔྱད་བྱེད་པའི་དུས་འཁོར་ཟླ་15.6བར་ཐུང་དུ་བཏང་བ་དང་། མིག་སྔའི་བར་རྒྱལ་ཁབ་རིམ་པའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལྟེ་གནས་དང་ཁེ་དབང་མྱུར་སྲུང་ལྟེ་གནས་123བསྐྲུན་རྒྱུར་མཆན་བཀོད་བཀའ་ལན་སྤྲད་པ་དེ་དག་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)29རུ་ཁྱབ་ཡོད་པ་དང་ཐོ་འགོད་སྙན་སེང་བྱས་པའི་གསར་གཏོད་བྱེད་པོ་སྣ་ཚོགས་ཁྲི་19.3ཟིན་ཡོད་པ་རེད། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་དུ་གཉེར་སྐྱོང་བྱས་ཟིན་པའི་སྲུང་སྐྱོང་ལྟེ་གནས་དང་མྱུར་སྲུང་ལྟེ་གནས་སུ་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་གྱོད་གཞི་ཁྲི་9.8བདག་སྤྲོད་བྱས་པར། ཆ་སྙོམས་ཐག་གཅོད་དུས་འཁོར་གཟའ་འཁོར་2ནང་ཚུན་ཡིན་པ་རེད།

དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་གསར་འཕར་ཁེ་བེད་བདག་ཐོབ་འདུན་ཞུའི་ཁྲོད། གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་བསྡུར་ཚད་70.9%བར་སྔར་བས་མཐོ་རུ་སོང་ནས་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་པའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་སོང་ཡོད་པ་རེད། མིག་སྔར། མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་2700ལྷག་ཙམ་གྱི་གསོག་འབོར་ཁེ་བེད་བདག་ཐོབ་ཁྲི་134.9ལ་ཕྱོགས་ཡོངས་ནས་རྩིས་བཤེར་བྱས་ཟིན་པ་དང་ཐོན་ལས་ཅན་གྱི་མདུན་ལམ་ལྡན་པའི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་གཅིག་བརྗེ་སྒྱུར་ཆོག་པའི་ཐོན་ཁུངས་ལ་སླེབས་ཡོད་པ་རེད།