འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་དང་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཡང་འཚོགས་པ་རེད།
“ལོ་10ཡི་རིང་། ང་ཚོས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་250གསར་སྐྲུན་རྒྱས་སྐྲུན་བྱས་པས་ན་ནིང་ལོ་མཇུག་བར་ཀྲུང་གོའི་གྲོང་གསེབ་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་460ཟིན་པ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་ནས་རྫོང་གི་ལམ་གྲོང་ཁྱེར་དང་གྲོང་གསེབ་དང་འབྲེལ་མཐུད་དང་། ཤང་གི་ལམ་ཕན་ཚུན་འབྲེལ་མཐུད། གྲོང་ཚོའི་ལམ་ཞིང་ཁ་དང་དུད་ཚང་དུ་འབྲེལ་མཐུད་བཅས་ཀྱི་གྲོང་གསེབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་ཞིག་ཆགས་ཡོད། ང་ཚོས་གྲོང་གསེབ་ཀྱི་གཞུང་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་། ཡུལ་བབ་དང་བསྟུན་པ། ལག་ལེན་དུ་འཁྱོལ་ཐུབ་པ་བཅས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ཡོད”ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ལི་དབྱང་གིས་བཤད།
ས་ཁུལ་དབུལ་པོའི་འགྲིམ་འགྲུལ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཕྱོགས་བསྡུས་འཆར་འགོད་སིའི་འགན་འཁུར་བ་ཧོའུ་ཀྲེན་ཤིང་གིས་2014ལོ་ཚུན། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་140ལྷག་ཙམ་གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཁྲི་4.5ལྷག་ཙམ་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། 2019ལོར་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་པ། 2020ལོར་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་འབྱོར་འབྲིང་ལམ་བུར་འགྲིམ་འགྲུལ་གྱིས་རྐྱེན་པས་ས་ཆ་གང་རུང་ཞིག་ཀྱང་རྗེས་ལུས་མི་ཐེབས་པའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད་ཅེས་བཤད་པ་རེད།
གྲོང་གསེབ་ཀྱི་གཞུང་ལམ་ཡུན་རིང་འཁོར་སྐྱོད་ལེགས་པོ་ཡོང་བར་བྱས་ཤིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་འདེགས་སྐྱོར་མངོན་གསལ་དོད་པོ་བྱས་པ་དང་། བདེ་འཇགས་འགན་སྲུང་དང་མཐའ་ཚད་སྲུང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ་བཅས་བྱས་ནས་རྒྱ་ཆེའི་གྲོང་གསེབ་དང་ཞིང་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།