《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月02日

སྤྱི་བདེ་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་བ།

“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་12ཚེས་2ཉིན་ནི་122“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་བཅུ་གསུམ་པ་དེ་ཡིན་ཞིང་། ཉིན་ཤས་གོང་སྤྱི་བདེ་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་། སློབ་གསོ་པུའུ། ཁྲིམས་འཛིན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། འཕྲལ་སྡོམ་དོ་དམ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ། ཚེས་28ཉིན་ནས་2024ལོའི་ལོ་མཇུག་བར“ལག་གདང་སྦྲེལ་ནས་ཤེས་དཔལ་འགྲིམ་འགྲུལ་མཉམ་དུ་གཏོད་པ”བརྗོད་དོན་གཙོ་བོར་བྱས་ནས། 122“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་བཅུ་གསུམ་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐུན་མོང་ཐོག་སྤེལ་རྒྱུ་ཡིན་པའི་གཏན་འཁེལ་བྱས་པ་རེད།

བརྡ་ཐོའི་ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཕྱོགས་བསྡུས་བཅོས་སྒྲིག་དང་། ཤེས་དཔལ་མཉམ་སྐྲུན། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ཁག་སྤེལ་ནས་དེང་རབས་ཤེས་དཔལ་འགྲིམ་འགྲུལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དམིགས་ཏེ་འབྱུང་རྩའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ་འགྲོ་སྐྱོད་ཕྱོགས་བསྡུས་བཅོས་སྒྲིག མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་ནན་པོ་དང་བཅོས་སྒྲིག གྲོང་གསེབ་ས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྨང་བརྟན་བཅོས་སྒྲིག་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱ་ཆེའི་རྒྱ་ལམ་འགྲུལ་པས་རང་འགུལ་ངང་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་གཏན་འགོག་གི་སྲོལ་བཟང་དར་སྤེལ་གཏོང་དགོས་པ། དྲ་རྒྱའི་བར་མཐོངས་ཀྱི་འགྲིམ་འགྲུལ་ཤེས་དཔལ་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ་དང་ཤེས་དཔལ་འགྲིམ་འགྲུལ་གྱི་དྲང་ནུས་བརྒྱུད་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་བཀུར་ཁྲིམས་སྲུང་དང་ཡར་བརྩོན་དགེ་ཐོན་གྱི་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བཅས་བྱེད་དགོས་པ། ཤེས་དཔལ་འགྲིམ་འགྲུལ་གྱི་འདུ་ཤེས་དེ་ཤེས་དཔལ་སྐྱེད་སྲིང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་འཛུགས་གཏོད་བཅས་ཀྱི་བྱེད་སྒོར་ཁྱབ་པར་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་འགྲིམ་འགྲུལ་ཤེས་དཔལ་ཚད་གཞི་མཐོ་རུ་ཏན་ཏིག་གཏོང་དགོས།

(ལྷག་ཚེས་བསྒྱུར། ཚེ་ཁོས་ཞུས)