ཟླ་11ཚེས་28ཉིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མི་རིགས་ཀྱི་སྦེ་གའི་བུད་མེད་མི་སྒེར་གྱི་སྦེ་གའི་མཐའ་བསྡུར་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་བྱས་ཤིང་། མཐར་ཀན་སུའུ་རུ་ཁག་གི་བདམས་ཐོན་པ་སཱ་རུའུ་ལ་ཡིས་ཤིན་ཅང་རུ་ཁག་གི་བདམས་ཐོན་པ་ཧར་ལེ་ཧ་ཧྲི·ནུར་པ་ཧ་ཐི་ལས་རྣམ་པར་རྒྱལ་ནས་བྱ་དགའ་ཨང་དང་པོ་ཐོབ་ཡོད། འདི་ནི་ཤིན་ཅང་རུ་ཁག་གི་བདམས་ཐོན་པ་ཧར་ལེ་ཧ་ཧྲི·ནུར་པ་ཧ་ཐི(གཡས)དང་ཀན་སུའུ་རུ་ཁག་གི་བདམས་ཐོན་པ་སཱ་རུའུ་ལ་གཉིས་སྦེ་ག་འགྲན་བཞིན་པ།