འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱིས《ཀྲུང་གོ་དངུལ་ཁང་གཱ་ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་ཤ་སྔོན་པོའི་དེབ(2024)》ཁྱབ་བསྒྲགས་བྱས་ཏེ། 2023ལོའི་རང་རྒྱལ་གྱི་དངུལ་ཁང་གཱ་ཐོན་ལས་ལས་དོན་གྱི་བྱ་ཐབས་དང་གྲུབ་འབྲས་ཁག་ངོ་སྤྲོད་བྱས་པ་རེད། 2023ལོར་རང་རྒྱལ་གྱི་དངུལ་ཁང་གཱ་ལས་རིགས་ཀྱིས་གཱ་འགྲེམས་ཚད་དང་དེ་བཞིན་ཉོ་ཚོང་བྱེད་ཚད་ཐད་བསྐྱར་འཕར་གྱི་རྣམ་པ་མངོན་ཞིང་། 2023ལོའི་ལོ་མཇུག་བར་དངུལ་ཁང་གཱ་འགྲེམས་ཚད་བསྡོམས་འབོར་དུང་ཕྱུར་95.6ཟིན་པ་དེ་དུས་མཚུངས་ལས་2.8%འཕར་བ་དང་། ལོ་ཧྲིལ་པོར་དངུལ་ཁང་གཱའི་ཉོ་ཚོང་ཐེངས་དུང་ཕྱུར་5310.9ཟིན་པ། ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1073.9ཟིན་པ་དེ་དུས་མཚུངས་ལས་3.0%འཕར་ཡོད།
མངའ་ཁོངས་ཀྱི་བདག་སྤྲོད་ཚོང་དུད་དང་བདག་སྤྲོད་འཕྲུལ་ཆས་ཀྱི་གྲངས་འབོར་དུས་མཚུངས་ལས་ཆེས་ཆེར་འཕར་ཏེ་མངའ་ཁོངས་ཕྱིའི་གོ་ལ་ཧྲིལ་པོའི་བདག་སྤྲོད་དྲ་རྒྱ་སྔར་བས་རྒྱ་ཆེར་ཕྱིན་ཡོད། 2023ལོའི་ལོ་མཇུག་བར་དངུལ་ཁང་མཉམ་འབྲེལ་མངའ་ཁོངས་ཕྱིའི་བདག་སྤྲོད་དྲ་རྒྱ་རྒྱལ་ཁབ་དང་ས་ཁུལ་182བར་སྣུར་སྲིང་ཐུབ་ནས་མངའ་ཁོངས་ཕྱིའི་དྲ་ཐོག་དྲ་ཕྱིའི་ཚོང་དུད་ཁྲི་6700ཙམ་ལ་ཁྱབ་པ་དང་། 2023ལོའི་དུས་ཚིགས་གསུམ་པའི་དུས་མཇུག་བར་མངའ་ཁོངས་ཀྱི་དངུལ་ཁང་གཱ་བདག་སྤྲོད་ཚོང་དུད་རིམ་རྩིས་བརྒྱབ་ན་ཁྲི་3465.9ཟིན་པ་དང་མངའ་ཁོངས་ཀྱི་བདག་སྤྲོད་དངུལ་ཁང་གཱའི་འཕྲུལ་ཆས་ཁྲི་4304.3ཟིན་ཡོད་པ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བསྟན་བློས་ཞུས)