མིག་སྔར་ཅང་སུའུ་ཞིང་ཆེན་རུའུ་ཏུང་རྫོང་ཏ་ཡུས་གྲོང་རྡལ་དབྱི་མན་ཀྲ་གྲོང་ཚོའི་ལུག་མིག་མེ་ཏོག་སེར་པོ་འདེབས་འཛུགས་རྟེན་གཞི་དང་སྲོ་སྐམ་ལྟེ་གནས་སུ་གྲོང་མིས་ལུག་མིག་མེ་ཏོག་སེར་པོ་འཐུ་བ་དང་། དབྱེ་གསེད། སྲོ་སྐམ། ཐུམ་སྒྲིལ་བཅས་བརྒྱབ་པ་དང་། ལུག་མིག་མེ་ཏོག་སེར་པོའི་ཐོན་ལས་ནི་དབྱི་མན་ཀྲ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་ཤིག་ཡིན་པ་དང་ཐོན་རྫས་དེ་དྲ་ཐོག་ཐད་གཏོང་བརྒྱུད་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་འཚོང་གི་ཡོད།
འདི་ནི་ཟླ་11ཚེས་26ཉིན་གྲོང་མིས་དབྱི་མན་ཀྲ་གྲོང་ཚོའི་འདེབས་འཛུགས་རྟེན་གཞིར་ལུག་མིག་མེ་ཏོག་སེར་པོ་འཐུ་བཞིན་པ།