《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月28日

ཟླ་10པར་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཁྲོམ་རའི་འཕེལ་ཕྱོགས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ།

ཟླ་དང་པོ་ནས་བཅུ་པའི་བར་གྱི་དམིགས་ཚད་ཆེ་གྲས་གསུམ་2019ལོའི་དུས་མཚུངས་ལས་ཆ་སྙོམས་གྲངས་གནས་གཉིས་འཕར་བ།

● འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ལས་རིགས་ཡོངས་ཀྱིས་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་བསྡོམས་འབོར་ཏུན་སྤྱི་ལེ་དུང་ཕྱུར་1238.3དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་6.2 སྦྲག་བསྐུར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་729.8བཅས་ཟིན་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བཅུ་པར། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཁྲོམ་རའི་འཕེལ་ཕྱོགས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་མངོན་ཞིང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀར་འཕེལ་ཕྱོགས་བཟང་པོ་བྱུང་སྟེ། སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་བྱེད་ཚད་ཏུན་སྤྱི་ལེ་དུང་ཕྱུར་131.8ཟིན་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་6409.2ཟིན་པ། སྦྲག་བསྐུར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་80.9ཟིན་པ་བཅས་2019ལོའི་དུས་མཚུངས་ལས་17.8%དང་། 12.5% 21.4%བཅས་སོ་སོར་འཕར་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཟླ་10པར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་14.3%འཕར་བ། ཟླ་10པར་ཟོག་འདྲེན་ལེགས་གྲུབ་བྱེད་ཚད་དུས་མཚུངས་ལས་19.9%འཕར་ཡོད།

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ལས་རིགས་ཡོངས་ཀྱིས་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་བསྡོམས་འབོར་ཏུན་སྤྱི་ལེ་དུང་ཕྱུར་1238.3དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་6.2 སྦྲག་བསྐུར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་729.8བཅས་ཟིན་ཡོད། ལས་རིགས་ཀྱི་གོང་གསལ་གྱི་དམིགས་ཚད་ཆེ་གྲས་གསུམ་2019ལོའི་དུས་མཚུངས་དང་བསྡུར་ན་གྲངས་གནས་གཉིས་འཕར་ཡོད།