《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月27日

རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་ སྟོན་དུས་ཚིགས་པེ་ཅིང་དུ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན་ས་གཞི་ཆེ་མོར་བཀྲག་མདངས་འཕྱུར·རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་ཀྱི་སྒྱུ་རྩལ་འགྲེམས་སྟོན་དུས་ཚིགས་རྒྱལ་ཡོངས་ཞིང་ལས་འགྲེམས་སྟོན་ཁང་དུ་འགོ་ཚུགས་པ་དང་ཚེས་25ཉིན་བར་གཉེར་བ་རེད། རྒྱལ་ནང་གི་ས་གནས་ཁག་ནས་ཡོང་བའི་ཞིང་པའི་འཁྲབ་སྟོན་པ་350ལྷག་ཙམ་དང་། གྲོང་གསེབ་ཀྱི་བཟོ་བོ་150ལྷག་ཙམ། གྲོང་གསེབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རིགས་200ལྷག་ཙམ། ཞིང་ལས་ཀྱི་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཐོན་རྫས་500ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

འདི་ལོ་ཚུན་ཞིང་ལས་གྲོང་གསེབ་པུས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། “ས་གཞི་ཆེ་མོར་བཀྲག་མདངས་འཕྱུར·རྒྱལ་ཡོངས་སུ་གྲོང་གསེབ་རིག་གནས་དར་རྒྱས་ཀྱི་བྱ་སྤྱོད་སྤེལ”ཞེས་པའི་རིམ་སྤེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་རིག་བརྟེན་བློ་སྦྱོང་དང་། རིག་བརྟེན་རྩ་གསོ། རིག་བརྟེན་སྤྱོད་སྐྱོང་། རིག་བརྟེན་ལས་དར་བཅས་ལ་སྐུལ་འདེད་བཏང་ཡོད། ས་གནས་ཁག་གིས་རྣམ་པ་གསར་གཏོད་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་གྲོང་ཚོར་བྱེད་སྒོ་གཉེར་བ་དང་། གྲོང་ཚོར་ཐོན་ཁུངས་འདྲེན་པ། གྲོང་ཚོར་འཛད་སྤྱོད་བྱེད་པ་བཅས་བྱས་ནས་གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་བེད་སྤྱོད་དང་གྲོང་གསེབ་ཀྱི་རིག་གནས་ཐོན་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་དུས་ཚིགས་ནི“ས་གཞི་ཆེ་མོར་བཀྲག་མདངས་འཕྱུར་བ”ཞེས་པའི་རིམ་སྤེལ་བྱེད་སྒོའི་མཇུག་འགྲིལ་འགྲེམས་སྟོན་ཞིག་ཡིན་ཞིང་། གྲོང་གསེབ་ཀྱི་རིག་གནས་གྲུབ་འབྲས་འགྲེམས་སྟོན་དང་། གྲོང་གསེབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཞིང་ལས་རིག་གནས་ཤུལ་བཞག་གི་སྤུས་ལེགས་ཞིང་ལས་ཐོན་རྫས་འགྲེམས་སྟོན། ཞིང་པའི་ཕུལ་བྱུང་རི་མོའི་འགྲེམས་སྟོན། ཁྱད་ལྡན་ཟས་མཆོག་འགྲེམས་སྟོན་སོགས་ཚུད་པ་མ་ཟད། ད་དུང་དུས་གཅིག་ཏུ་གྲོང་གསེབ་ཀྱི་རིག་གནས་སྒྱུ་རྩལ་གྱི་ཆེད་དོན་འཁྲབ་སྟོན་དང་བགྲོ་གླེང་ཡོངས་བསྒྲགས་བྱེད་སྒོ་མང་པོའང་སྤེལ་ཡོད།