《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月27日

ཀྲུང་གོའི་པར་རྒྱག་སྒྱུ་རྩལ་དུས་ཆེན་ སྐབས་བཅོ་ལྔ་པ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ཀྲེན་ཀྲོའུ་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་དུ་ཀྲུང་གོའི་པར་རྒྱག་སྒྱུ་རྩལ་དུས་ཆེན་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོ་དང་ཀྲུང་གོའི་པར་རྒྱག་གསེར་བརྙན་བྱ་དགའ་སྐབས་བཅོ་ལྔ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་པར་ལེན་བ“ངང་པའི་གྲོང་ཁྱེར”སན་མོན་ཞ་རུ་འཛོམས་ནས་ཀྲུང་གོའི་པར་རྒྱག་སྒྱུ་རྩལ་གྱི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།

ད་རེས་ཀྱི་ཀྲུང་གོའི་པར་རྒྱག་སྒྱུ་རྩལ་དུས་ཆེན་ནང་ཀྲུང་གོའི་པར་རྒྱག་གསེར་བརྙན་བྱ་དགའ་སྐབས་བཅོ་ལྔ་པའི་བྱ་དགའ་ཐོབ་མཁན་གྱི་བརྩམས་ཆོས་འགྲེམས་སྟོན་དང་། རྒྱལ་ཡོངས་ཀྱི་པར་རྒྱག་སྒྱུ་རྩལ་འགྲེམས་སྟོན་སྐབས་ཉེར་དགུ་པའི་མ་རྩོམ་ཉར་ཚགས་འགྲེམས་སྟོན། ཀྲུང་གོ་རྒྱལ་སྤྱིའི་པར་རྒྱག་སྒྱུ་རྩལ་འགྲེམས་སྟོན་སྐབས་བཅུ་དགུ་པའི་རྩེར་སོན་འགྲེམས་སྟོན་སོགས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཆེན་པོ་དགུ་ཚུད་ཅིང་། སྒྱུ་རྩལ་དུས་ཆེན་རིང་། ད་དུང“གསེར་བརྙན་དང་ངོ་ཐུག་གདོང་འཕྲད”སོགས་ཀྱི་རིག་གཞུང་སྤེལ་རེས་བྱེད་སྒོ་ཡང་གཉེར་བ་རེད།

ཀྲུང་གོའི་པར་རྒྱག་གསེར་བརྙན་བྱ་དགའ་ནི་པར་རྒྱག་སྒྱུ་རྩལ་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་མི་སྒེར་གྱི་གྲུབ་འབྲས་བྱ་དགའ་མཐོ་ཤོས་རེད། ཀྲུང་གོའི་པར་རྒྱག་གསེར་བརྙན་བྱ་དགའ་སྐབས་བཅོ་ལྔ་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དངོས་མཚོན་རིགས་དང་། སྒྱུ་རྩལ་རིགས། ཚོང་ལས་རིགས་བཅས་ཀྱི་བྱ་དགའ་ཐོབ་མཁན་ཁྱོན་20བྱ་དགའ་ལེན་སའི་སྟེགས་བུར་བསྐྱོད་པ་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་བཟང་གི་པར་རྒྱག་མཁས་ཅན་རྒན་གྲས་ཞུས་ཡུང་ཧུའེ་དང་ཧོ་ཧྲི་ཡའོ་གཉིས་ལ“ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚེ་གང་གྲུབ་འབྲས་བྱ་དགའ(པར་རྒྱག)”ཐོབ་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)