《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月27日

རྒྱལ་ཡོངས་ཀྱི“བུད་མེད་ཀྱིས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བར་སྐྱོད་པ”དང“ཀྲུང་གོར་བཅའ་སྡོད་བུད་མེད་ཕྱི་འབྲེལ་དཔོན་གཞི་རིམ་དུ་བསྐྱོད་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་ཚུལ་ལ་ལྟ་བའི”བྱེད་སྒོ་ཧྲང་ཧའེ་རུ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། ཚེས་24ཉིན་རྒྱལ་ཡོངས་ཀྱི“བུད་མེད་ཀྱིས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བར་སྐྱོད་པ”དང“ཀྲུང་གོར་བཅའ་སྡོད་བུད་མེད་ཕྱི་འབྲེལ་དཔོན་གཞི་རིམ་དུ་བསྐྱོད་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་ཚུལ་ལ་ལྟ་བའི”བྱེད་སྒོ་ཧྲང་ཧའེ་གྲོང་ཁྱེར་ཆིང་ཕུའུ་ཆུས་ལན་ཐང་གྲོང་རྡལ་ཏུང་ཧྲེ་གྲོང་ཚོར་སྤེལ་བ་རེད། ཀྲུང་གོའི་ལས་རིགས་ཁག་གི་བུད་མེད་འཐུས་མི་300ཙམ་དང་དེ་བཞིན་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁང་གི་བུད་མེད་ཕྱི་འབྲེལ་དཔོན་དང་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་དཔོན་རིགས་40ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཨ་ཁ་པེ་ལའི་རམ་དཀྲོལ་རོལ་མོ་མེད་པའི་མཉམ་གཞས《བཅའ་ཁྲིམས་རྩ་བར་འཛིན་ནས་མདུན་སྐྱོད་བྱེད》ཅེས་པ་དང་ཡུལ་རྣམ་ཧྲང་ཧའེ་ཁྲང་ཞི《ཡན་ཡན་གྱིས་གཉེན་དཔང་བྱེད་པ》སོགས་ཀྱི་ལེ་ཚན་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་རེད། “བུད་མེད་ཀྱིས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བར་སྐྱོད”དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་རྒྱུན་མཐུད་མཛད་སྒོ་དུས་གཅིག་ཏུ་སྤེལ་འགོ་ཚུགས་ནས་ནུབ་རྒྱུད་ཞིང་ཆེན་གྱི་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱས་པ་རེད།

བྱེད་སྒོའི་ཐོག ཁྲིམས་ལུགས་ཁྱབ་གདལ་གྱི་ཚོང་འདུས་བཀོད་སྒྲིག་བྱས་པ་དང་བུད་མེད་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་ཞབས་ཞུ་རུ་ཁག་གིས་ས་གནས་ས་ཐོག་ཏུ་བུད་མེད་མང་ཚོཌ་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་བློ་འདྲིའི་ཞབས་ཞུ་བྱས་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) “ཁྲིམས་སྲུང་ཁས་ལེན་ཁུལ”དང“ཁྲིམས་སྐྱོང་གི་གཱ་ཐོ་འགོད་ཁུལ”དུ་བུད་མེད་མང་ཚོགས་ཀྱིས་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་ལ་ཞུགས་ནས་ཁྲིམས་སྐྱོང་བསམ་བཀོད་ཀྱི་དཔེ་འཛར་བཟོ་བར་ཉམས་ལེན་བྱས་ཡོད། ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཀྲུང་གོ་ཕྱོགས་ཀྱི་སྐུ་མགྲོན་དང་མཉམ་དུ་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོར་ལྟ་སྦྱོང་དང་ཚོང་འདུས་སུ་ལྟ་སྐོར་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་གྱི་བཅའ་ཁྲིམས་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་པ་དང་དེ་བཞིན་བུད་མེད་དང་བྱིས་པའི་བྱ་གཞག་ཡར་རྒྱས་འགྲོ་ཚུལ་ཉམས་སུ་མྱངས་པ་རེད།

“བུད་མེད་ཀྱིས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”བྱེད་སྒོ་དེ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། ཁྲིམས་འཛིན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་བཅས་དང་མཉམ་འབྲེལ་ཐོག་སྤེལ་བ་ཞིག་ཡིན་པས་གྲོང་གསེབ་ས་ཁུལ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་དང་དབང་སྲུང་གི་ཞབས་ཞུ་གྲོང་གསེབ་ཀྱི་བུད་མེད་དང་ཁྱིམ་ཚང་དུ་སྤེལ་ཐུབ་པ་བྱ་ཆེད་རེད། མིག་སྔའི་བར་གཞི་རིམ་དུ་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་ཐེངས་ཁྲི་169སྤེལ་བར་གྲོང་ཚོ་ཁྲི་42ལ་ཁྱབ་པ་དང་མི་ཐེངས་ཁྲི་3269ཞུགས་ཡོད། དེ་དང་ཆབས་ཅིག་དྲ་རྒྱའི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་ཐེངས་ཁྲི་60སྤེལ་ཡོད་པ་རེད།