《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月26日

ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་གིས“པེ་ཅིང་རྒྱལ་སྤྱིའི་ཡིག་གཟུགས་ཀྱི་ལོ་ཟུང་འགྲེམས་སྟོན་སྐབས་ལྔ་པ”གཉེར་བ།

ཉེ་ཆར། པེ་ཅིང་རྒྱལ་སྤྱིའི་ཡིག་གཟུགས་ཀྱི་ལོ་ཟུང་འགྲེམས་སྟོན་སྐབས་ལྔ་པ་པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་ཀྲུང་གོ་མངོན་མིན་རིག་གནས་ཤུལ་བཞག་ཁང་གིས་གཙོ་གཉེར་བྱས་པ་དང་། འགྲེམས་སྟོན་དེ“རྒྱལ་སྤྱིའི་ཡིག་གཟུགས་མཁས་ཅན་གྱི་བརྩམས་ཆོས་སྤུས་རྟགས་འགྲེམས་སྟོན”དང“དུས་བཞིའི་ཀྲུང་གོ-དུས་ཚིགས་ཉེར་བཞིའི་བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲེམས་སྟོན”གཉིས་སུ་དབྱེ་བ་དང་ཁྱོན་རྒྱལ་ཁབ་དང་ས་ཁུལ་27གྱི་བརྩམས་ཆོས་119འགྲེམས་སྟོན་བྱས་ཡོད། འདི་ནི་ལྟད་མོ་བས་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།