ལོ་འདི་དག་རིང་། རྒྱུན་དུ་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དག་གིས་ཀྲུང་གོའི་འགོ་ཁྲིད་པ་དང་མཇལ་འཛོམས་གནང་སྐབས་རང་འགུལ་ངང་གླེང་བའི་དོན་དག་ཅིག་ནི་དབུལ་པོ་ཉུང་གཏོང་གི་སྐོར་རེད།
ཁོང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བའི་སྐོར་གླེང་བ་ཕུད། ད་དུང་དུས་ཚོད་དེ་བས་མང་བ་སྤྱད་དེ་ཀྲུང་གོའི་དབུལ་སྒྲོལ་ཉམས་མྱོང་འདྲི་རྩད་ཞིབ་ཕྲ་བྱས་ནས་འགྱུར་ལྡོག་ཆེན་པོ་བྱུང་བའི་ཀྲུང་གོའི་ས་ནས“དབུལ་སྒྲོལ་ཇི་ལྟར་བྱུང་ལུགས”སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
དབུལ་པོ་ནི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”གནད་དོན་གྱི་གསལ་ཐོའི་ནང་ཡུན་རིང་མདུན་གྲལ་དུ་འཇོག་གི་ཡོད། ད་བར་གོ་ལ་ཧྲིལ་པོར་ཧ་ལམ་མི་དུང་ཕྱུར་7.33བཀྲེས་ལྟོགས་ཀྱི་གནས་སུ་གྱར་ཡོད་ཅིང་། གྲངས་ཀ་རེ་རེ་ནི་རེ་ལྟོས་ཆེ་བའི་མིག་ཟུང་དང་འདྲ་བར་ཚང་མ་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད།
ཀྲུང་གོ་དང་བར་ཐག་ལེ་དབར་ཁྲི་ཡིས་ཆོད་པའི་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཡི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་ཐོག་གི་དུས་མཚམས་དང་པོའི་གྲོས་འགོ་ནི“བཀྲེས་ལྟོགས་དང་དབུལ་པོ་འགོག་རྒོལ”ཞེས་པ་དེ་རེད། དེ་ནི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཁྲོད་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བ་དང་ཚོགས་འདུ་འཚོགས་ཡུན་ཇེ་རིང་དུ་ཡང་ཡང་སོང་བ་སྟེ། དུས་མཚམས་དང་པོའི་ཚོགས་འདུ་སྔ་དྲོའི་ཆུ་ཚོད་11པ་ཙམ་ནས་ཕྱི་དྲོའི་ཆུ་ཚོད་3པའི་བར་འཚོགས་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་ནི་གསུང་བཤད་གནང་མཁན་ལྔ་པ་དེ་རེད། འཛམ་གླིང་མི་འབོར་གྱི་1/5ཙམ་བཟུང་བའི་རྒྱལ་ཁབ་ཆེན་པོ་འདི་དབུལ་པོའི་གནས་ལས་རྦད་དེ་བསྒྲལ་བ་ནི་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་རེད་ལ། ཁོང་གིས་གསུང་བཤད་གནང་སྐབས་མི་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་དུ་ཉན་པ་རེད།
“ཀྲུང་གོའི་དབུལ་སྒྲོལ་བརྒྱུད་རིམ་ནས་གསལ་པོར་མངོན་པ་ལྟར་ན། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་པ་དང་། འཆར་འགོད་ཅིག་མཐར་འཁྱོལ་གྱི་སེམས་ཤུགས་བརྟན་པོ་དང་། སྙིང་རུས་ཆེན་པོ། འབད་འཐབ་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོའི་གནད་དོན་ནི་ཐག་གཅོད་ཐུབ་པ་ཞིག་ཡིན་ཏེ། བྱ་རྟུལ་ཡིན་ཡང་སྔོན་ལ་འཕུར་བ་དང་མཐོན་པོར་འཕུར་ཐུབ་པ་དང་འདྲ། ཀྲུང་གོར་གྲུབ་འབྲས་ཐོབ་པ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་གྲུབ་འབྲས་ཐོབ་ཐུབ། འདི་ནི་ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཛམ་གླིང་གི་དོན་སྙིང་ཞིག་རེད”
ཀྲུང་གོས་སྒྲུབ་ཐུབ་དོན་ཅི་ཡིན། ཀྲུང་གོར་བྱུང་བའི་རྒྱུ་མཚན་གང་ཡིན་ཞེ་ན།
འཛམ་གླིང་གིས་ཀྲུང་གོར་ལྟ་བཞིན་ཡོད་ལ་དེ་བས་ཀྲུང་གོ་བརྒྱུད་སོ་སོ་རང་ཉིད་ལ་ཕྱིར་མིག་ཀྱང་ལྟ་བཞིན་ཡོད། ཀྲུང་གོའི་མི་འབོར་དུང་ཕྱུར་8ཀྱི་དབུལ་སྒྲོལ་གནས་ཚུལ་ལ་རྒྱལ་ཁབ་མང་པོ་ཞིག་གིས་བསམ་བློ་གཏོང་བ་དང་། བསྡུ་ལེན་བྱེད་པ། གྲུབ་འབྲས་ཐོབ་པ་བཅས་ལ་གཞོལ་གྱི་ཡོད།
འདི་ནི་འགྲོ་ལམ་གྱི་བློ་སྒོ་ཕྱེ་བ་ཞིག་ཡིན།
དེང་རབས་ཅན་ནི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཐུན་མོང་གི་རེ་སྙེག་ཡིན། མདུན་ལམ་ནི་འགྲོ་ལམ་ལ་རག་ལས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་མང་པོ་ཞིག་ལ“ལྷམ་གོག་རན་མིན་རྐང་པས་ཤེས”ཞེས་གསུངས་མྱོང་། དཀའ་སྡུག་ཆེན་པོའི་ཁྲོད་ལམ་བུ་བཙལ་ནས་དེང་རབས་ཅན་དུ་འགྱུར་བ་ནས“འཛམ་གླིང་དེང་རབས་ཅན་གྱི་འཕར་སྣེར”གྱུར་པའི་བར་ནུབ་ཕྱོགས་དང་མི་འདྲ་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གསར་གཏོད་བྱས་ཏེ“དཔའ་རྟུལ་གྱི་གསར་གཏོད”དུ་གྱུར།
འདི་ནི་རིགས་པའི་གཞུང་ལུགས་ཀྱི་གསར་འབྱེད་ཡིན།
གནད་སྨིན་དབུལ་སྐྱོར་དང་། ཤར་རྒྱུད་དང་ནུབ་རྒྱུད་མཐུན་སྦྱོར། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གོ་རིམ་ལྡན་པའི་འབྲེལ་མཐུད་སོགས་ཀྱིས་སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་མ་ལག་དང་། ལས་ཀའི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་ཆ་ཚང་ཞིག་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་པོ་ཉུང་གཏོང་གི་འགྲོ་ལམ་དུ་བསྐྱོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཉམ་འདྲེས་ཟབ་མོ་ཡང་བྱུང་ཡོད། དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏེ་ལཱ་ཧྲའན་ཤིས་ཀྱི་ལེང་ཅ་ཧོ་རུ་སླེབས་པ་དང་། སྐབས་དེ་དུས་ཀྱི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་པེན་དབྱང་ཧུའུ་ནན་གྱི་ཧྲི་པ་ཏུང་གྲོང་ཚོར་བསྐྱོད་ཅིང་། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཞིང་ས་གཤིན་པོ་ལས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ལ་སྤྲོ་སྣང་ཆེན་པོ་སྟེར་ཡོད།
འདི་ནི་ལམ་ལུགས་ཀྱི་ཤེས་རྟོགས་ཡིན།
ཀྲུང་གོས་བཏོད་པའི་མི་ཡུལ་གྱི་ངོ་མཚར་ལས་མངོན་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྤྱད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་ཡིན་ཞིང་། ལས་འགན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་སྣེ་ཁྲིད་དེ“རིམ་ལྔའི་ཧྲུའུ་ཅིས”དབུལ་སྐྱོར་ལ་དམ་འཛིན་དང་། གོང་འོག་མཉམ་འབད། རྒྱལ་ཡོངས་སྐུལ་སློང་བཅས་བྱས་ཡོད། ལོ་ལྔའི་ནང་མི་ཁྲི་ཆིག་སྟོང་ཙམ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ཐུབ་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་རེད།
འདི་ནི་རིག་གནས་ཀྱི་མཉམ་སྒྲོག་ཡིན།
དབུལ་པོ་ལས་བསྒྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་ལོ་བརྒྱའི་ཏང་ཆེན་པོའི་དམངས་ཆེད་འབད་པའི་རང་བཞིན་མངོན་ཡོད། པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་རིང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས“ང་ཚོས་དམངས་ཁྲོད་ཀྱི་དཀའ་སྡུག་གསལ་པོ་ཤེས་ཀྱི་ཡོད་པས། དམངས་འཚོ་ལེགས་གཏོང་དང་དབུལ་པོ་ལས་སྒྲོལ་བར་གཞོལ་གྱི་ཡོད”ཅེས་བརྗོད། ལྟོ་ཕོར་ནང་དུ་ཏང་སེམས་དམངས་སེམས་བྱུར་བུར་བླུགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དབུལ་སྒྲོལ་གཏམ་རྒྱུད་ལས་འཛམ་གླིང་སྐྱེ་བོ་ཀུན་གྱིས་རྟོགས་ཡོད། འཛམ་གླིང་འདིར“གདེང་ཚོད་ཡོད་ན་ས་སེར་ཡང་གསེར་དུ་འགྱུར”ཞེས་པའི་ངར་ཤུགས་དང་། “བྱ་རྟུལ་སྔོན་ལ་འཕུར། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས”པའི་སྙིང་རུས་ཀྱི་སྒོ་ནས་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་ཧྭ་མི་རིགས་ཀྱི་འཇོན་ཐང་། ཀྲུང་གོ་མི་དམངས་ཀྱི་སྟོབས་ཤུགས་བཅས་ལ་གོ་བ་བླངས་ཐོག“ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་སོང་བར་ནང་གནས་ཀྱི་གཏན་ཚིགས་ལྡན་པས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་བཀག་འགོག་བྱེད་མི་ཐུབ་པའི”གནས་ལུགས་དེ་བས་གཏིང་ཟབ་པའི་སྒོ་ནས་གསལ་རྟོགས་བྱུང་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་གཟི་འོད་ཀྲུང་གོར་འཕྲོས་པས། དེ་ནི་ང་ཚོའི“གདེང་ཚོད་བཞི”ཡིན། “ང་ཚོ་རང་ཉིད་ཀྱི་ལམ་བུར་བསྐྱོད་ན་འགྲན་ཟླ་བྲལ་བའི་གར་སྟེགས་ཡངས་པོ་ཡོད་ལ། འགྲན་ཟླ་བྲལ་བའི་ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་དང་། འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་ཆེན་པོ་ལྡན་ངེས་རེད། ཀྲུང་གོའི་མི་དམངས་ལ་གདེང་ཚོད་དེ་འདྲ་ཡོད་དགོས་ལ་ཀྲུང་གོ་བ་ཚང་མར་གདེང་ཚོད་དེ་འདྲ་ཡོད་དགོས”
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲད་པ་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་འགན་ལྕི་པོ་དེ་རེད། ལོ་དེར་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སླེབས་པ་བྱེད་པར་དུས་ཐུང་ལོ་8ལས་མེད་པས། ཐོག་མཐའ་བར་གསུམ་དུ་ཐུགས་བློ་མི་བདེ་བའི་གནད་དོན་ཞིག་ཡོད་པ་ནི“ད་དུང་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་ཡོད་པ”དེ་ཡིན་པ་མ་ཟད། ཇི་ཙམ་འགྱངས་ན་དེ་ཙམ་གྱིས་དབུལ་ཕོངས་དང་དཀའ་སྡུག་ཆེ་བའི་གནས་སུ་གྱར་ངེས་རེད། ཁོང་གིས་དཀའ་ཚེགས་ཧ་ཅང་ཆེ་ལ་ཐ་ན་མི་མང་པོ་ཞིག་གིས་སྒྲུབ་ཐབས་བྲལ་བའི་དམིགས་ཚད་ཅིག་བདམས་གནང་བ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར“གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་པ་དེ་རེད།
“གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་པ་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པ་དང་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་སྔ་ཕྱི་བར་གསུམ་དུ་ལྟོས་གྲོད་པ་མི་རྒྱགས་པའི་མི་སེར་ཡོད་པའི་ཀྲུང་གོའི་ངོས་ནས་བརྗོད་ན། ཅི་འདྲའི་དཀའ་ཚེགས་ཆེ་ལ་རླབས་ཆེ་བ་ཞིག་རེད་ཨང་།
ཡིན་ནའང་ཀྲུང་གོས“མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ་10སྔ་སྣུར་དུ་མངོན་འགྱུར་བྱས་པ་རེད” ཀྲུང་གོ་ནི་ཁ་བཤད་དོན་ལ་གནས་མཁན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་དེ་བས་ཀྱང་ཁ་བཤད་ལག་བསྟར་བྱེད་མཁན་ཞིག་རེད།
ཁ་བཤད་ལག་བསྟར་བྱེད་པར་སྲིད་སྐྱོང་ཏང་ཞིག་ལ་ལ་རྒྱ་དང་། འགན་སེམས། སྙིང་རུས་བཅས་དགོས་པ་མ་ཟད། རྒྱལ་ཁབ་ཅིག་གི་བཅོས་སྐྱོང་ནུས་པར་དེ་བས་ཚོད་བགམ་ཡང་ཐེག་ཐུབ་པ་དགོས་ཀྱི་ཡོད།
ལོ་8ཀྱི་རིང་། ཀྲུང་གོར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས“འབྲེལ་གཅོད་ལེགས་དབྱེའི”འགྲན་སློང་འཕྲད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་མྱུར་པོ་འཕར་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་འགྱུར་ལྡོག་ཕྱིན་པ་དང་། དབུལ་སྒྲོལ་ལམ་བུ་ཡང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ངེས་བྱུང་བས། དེ་དག་ཚང་མས་དཀའ་ཚེགས་ཇེ་ཆེར་བཏང་ཡོད།
ལོ་8ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀྲུང་དབྱང་གི་དབུལ་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7གཙོ་སྐྱོང་དང་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་ཐེངས་50ལྷག་ཙམ་གནང་ནས། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14རུ་ཕེབས་ཤིང་། ག་དུས་ཡིན་རུང་དུས་ཚོད་ལྡོག་རྩིས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གནང་བ་དང་། གྲང་ངར་ཆེ་བའི་དགུན་ཁ་དང་ཚ་གདུག་ཆེ་བའི་དབྱར་ཁ་གང་ཞིག་ཡིན་རུང་། ཁ་ཆར་བུ་ཡུག་ལ་མ་འཛེམས་པར་སྔ་བཞེངས་ཕྱི་གཟིམས་ཀྱིས་ཕྱག་ལས་གནང་གི་ཡོད།
ལོ་8ཀྱི་རིང་། སྔོན་ཐོབ་གོ་རིམ་བསྒྲིགས་ནས་དུས་ཚད་ནུས་གསུམ་ལ་སྟངས་འཛིན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱུར་འགྲུབ་ཡོང་རེ་མི་གནང་བར། དབུལ་ཞྭ་ཕུད་རྗེས་ད་དུང་བརྟན་པོ་དང་བརླིང་པོ་ཡོང་བ་བྱས་ནས་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་བྱེད་དགོས་ཞེས་ནན་བཤད་ཐེངས་མང་གནང་ཡོད། “གཅིག་ཀྱང་མི་ལུས་པ་བྱེད་དགོས་པའི”ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནས“གཅིག་ཀྱང་མི་ལུས་པ་བྱེད་དགོས”ཐུན་མོང་འབྱོར་ཕྱུག་བར“སྐུལ་སྤེལ་རྒྱུན་མཐུད་གཏོང་བའི”དུས་ཚོད་ཀྱི་རེའུ་མིག་ཐོག་ཏུ་རྒྱལ་སྐྱོང་གི་ཐབས་ཇུས་བཀོད་ཡོད།
“ང་ཚོས་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་དགོས་པ་མ་ཟད། འཛམ་གླིང་གི་མི་དམངས་ལའང་བདེ་སྐྱིད་དོན་གཉེར་བྱེད་དགོས་པ་དང་། རང་ངོས་འཕེལ་རྒྱས་གཏོང་དགོས་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་ཡང་འབད་བརྩོན་བྱེད་དགོས། འདི་ནི་ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་ཞེས་བཏོན་པའི་ཐོག་མའི་བསམ་འདུན་ཡིན” གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་བཀོད་པ་ཆེན་པོ་དང་འཐབ་ཇུས་ཆེན་པོས“རང་ཉིད་འཚོ་བ་སྐྱིད་པོ་སྐྱེལ་དགོས་ལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཀྱང་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པའི་རེ་བའང་བྱེད་པའི”བློ་རྒྱ་ཡོང་རྒྱུ་ངེས་གཏན་རེད།
“ཀྲུང་གོས་ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབས་ན་དགའ་བ་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅིང་། ང་ཚོས་ཀྲུང་གོའི་རོགས་རམ་འོག་རང་རང་སོ་སོས་ཉ་འཛིན་སྟངས་ཤེས་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་བདག་ཅིག་གིས་དེ་ལྟར་བཤད། “ངས་དབུལ་ཕྱུག་གི་ཧེ་བག་ཆུང་དུ་བཏང་ནས་མདུན་ལམ་ཆེན་པོ་ལྡན་པའི་རྒྱལ་ཁབ་ཅིག་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ང་ཚོ་ཡང་ཀྲུང་གོ་དང་འདྲ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་རེ་བ་ཡོད”ཅེས་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེས་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་སྨོན་ཆེན་པོ་བྱེད་བཞིན་དེ་ལྟར་བཤད། “ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་ཕེ་རུར་འཚམས་འདྲི་མ་གནང་གོང་། ང་སན་ཐེ་ཡ་ཀོ་རུ་གདན་ཞུས་ལྟར་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཞིག་ལ་ཞུགས་པ་ཡིན། དེ་གར་ཁྱེད་ཀྱི་གསུང་རྩོམ་ཚང་མ་འགྲེམས་སྟོན་བྱས་འདུག” “དེ་དག་མཐོང་དུས་ང་ཧ་ཅང་དགའ་པོ་བྱུང”ཞེས་ཆི་ལིའི་ཙུང་ཐུང་པོ་ལི་ཆི་ཡིས་མཇལ་འཛོམས་ཚོམས་ཆེན་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་དེ་བཏོན་ནས་བཤད།
ལི་གཡོད་རེ་ནེ་ལུའུ་དབུ་ཚོགས་ཐོག་གནང་བའི་གསུང་བཤད་ལ་ཡང་བསྐྱར་ཉན་སྐབས“ངས་སྔ་རྗེས་སུ་ཀྲུང་གོའི་གྲོང་ཚོ་དང་། རྫོང་། གྲོང་ཁྱེར། ཞིང་ཆེན། ཀྲུང་དབྱང་བཅས་སུ་ལས་ཀ་བྱས་པ་ཡིན། དབུལ་སྐྱོར་ནི་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་རང་ཉིད་ཀྱིས་སེམས་ཐག་བཅད་ནས་བསྒྲུབ་ཐུབ་པར་བྱེད་པའི་དོན་ཆེན་ཞིག་ཀྱང་ཡིན”ཞེས་པའི་བཀའ་མོལ་དུམ་བུ་འདི་ནི་ཅི་འདྲའི་མི་སེམས་འགུལ་བ་ཞིག་རེད་ཨང་།
ཕྱིར་དྲན།
དུས་ཀྱི་འཁོར་ལོ་མདུན་ལ་བསྐོར་ནས་2012ལོར་ལོག་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེའི་ཧྥུའུ་ཕིང་དུ་ཡུལ་མི་སྤུན་ཟླ་ཚོའི་འཚོ་བར་ལན་གཅིག་གཟིགས་པར་ཕེབས་དུས“ཐུགས་ཧ་ཅང་སྐྱོ་པོ་བྱུང་བ”དང་། དུས་དེ་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ཕྱོགས་ཡོངས་སྐུལ་སློང་གི་བཀའ་རྒྱ་བསྒྲགས།
དེ་ནས་ཡང་ཧྥུའུ་ཅན་ཉིང་ཏེ་དང་། ཧོ་པེའི་ཀྲེང་ཏིང་། ཧྲའན་ཤིས་ཀྱི་ལེང་ཅཱ་ཧོ་སོགས་སུ་གཟིགས་ཞིབ་གནང་སྐབས། “ངས་རེ་སྒུག་ཆེན་པོ་བྱེད་པའི་བྱ་བ་ཞིག་ནི་ཡུལ་མི་སྤུན་ཟླ་རྣམས་ལ་ཤ་ཡིད་ཚིམ་པ་ཐེངས་གཅིག་ཟ་རྒྱུ་ཡོང་བ་མ་ཟད། ད་དུང་ནམ་ཞག་རྒྱུན་དུ་ཤ་ཟ་རྒྱུ་ཡོད་པར་བྱ་རྒྱུ་དེ་ཡིན”
ཆུ་ལ་ཆུ་འགོ་ཡོད་ལ། ཤིང་ལ་རྩ་བའང་ཡོད།
(གནམ་ཕྱུག་རྒྱལ་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)