《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月25日

རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་འདོན་ཤུཌ་ཆན་ཝ་དུང་ཕྱུར་31.9ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་10པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་31.9ཟིན་པ་དེ་དུས་མཚུངས་ལས་14.5%འཕར་བ་དེའི་ནང་ཉི་ནུས་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་7.9ཟིན་པ་དེ་དུས་མཚུངས་ལས་48%འཕར་བ་དང་། རླུང་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་4.9ཙམ་ཟིན་པ་དེ་དུས་མཚུངས་ལས་20.3%འཕར་ཡོད་པ་རེད།

འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་ཀྱི་གློག་འདོན་སྒྲིག་ཆས་ཁྱོན་ཆ་སྙོམས་ཆུ་ཚོད་2880བེད་སྤྱོད་བྱས་པ་དང་། རྒྱལ་ཡོངས་ཀྱི་གློག་གཏོང་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་7181བཏང་བ་དེ་དུས་མཚུངས་ལས་8.3%འཕར་བ། གློག་དྲའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་4502བཏང་བ་དེ་དུས་མཚུངས་ལས་20.7%འཕར་ཡོད་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ལྗང་མདོག་གློག་ཤུགས་ལག་ཁྱེར་དཔྱད་སྤྲོད་དང་ཉོ་ཚོང་བྱེད་པའི་ཐད། ཟླ་10པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ལྗང་མདོག་ལག་ཁྱེར་དུང་ཕྱུར་35.51དཔྱད་སྤྲོད་བྱས་པའི་ནང་རླུང་གློག་དུང་ཕྱུར་13.23ཟིན་པ་དེས་37.25%བཟུང་བ་དང་། ཉི་ནུས་གློག་འདོན་དུང་ཕྱུར་6.81ཟིན་པ་དེས་19.18%བཟུང་བ། རྒྱུན་གཏན་གྱི་ཆུ་གློག་དུང་ཕྱུར་12.77ཟིན་པ་དེས་35.97%བཟུང་བ། སྐྱེ་དངོས་གློག་འདོན་དུང་ཕྱུར་2.64ཟིན་པ་དེས་7.44%བཟུང་བ། གཞན་ཡང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཁྲི་567ཟིན་པ་དེས་0.16%བཟུང་ཡོད་པ་རེད།

ཟླ་10པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ལྗང་མདོག་ལག་ཁྱེར་དུང་ཕྱུར་3.84ཉོ་ཚོང་བྱས་ཏེ་ལྗང་མདོག་ལག་ཁྱེར་ཉོ་ཚོང་གི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་སྤྱི་ཚོགས་ཡོངས་ཀྱི་ལྗང་མདོག་གློག་ཤུགས་འཛད་སྤྱོད་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་ཡོད་པ་རེད།

(བདེ་དབང་གིས་བསྒྱུར། ཟླ་བ་ཕུར་སྒྲོན་གྱིས་ཞུས)