ཟླ་11ཚེས་20ཉིན་ནི་འཛམ་གླིང་བྱིས་པའི་ཉིན་མོ་ཡིན་ཞིང་། ན་སྨི་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་དྲུག་པའི་རུ་མི་བཞི་སྔ་པོ་ནས་རྒྱལ་ས་ཝིན་ཏེ་ཧོ་ཁེ་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ཡོད་པའི་ཧྥུའུ་ལན་སི་སྒྱུ་རྩལ་གསོ་སྦྱོང་ལྟེ་གནས་སུ་བསྐྱོད་ནས་དེ་གར་སློབ་སྦྱོང་དང་འཚོ་བ་སྐྱེལ་མཁན་བྱིས་པ་45ཡི་གཟུགས་པོ་དང་ཁ་སྦུག་ལ་བརྟག་དཔྱད་བྱས་པ་མ་ཟད། བྱིས་པ་ཚོར་སློབ་སྦྱོང་ཡོ་ཆས་དང་། རི་མོ་འབྲི་ཆས། བཟའ་བཅའ་བཅས་སྤྲད་པ་རེད། འདི་ནི་ན་སྨི་པི་ཡའི་རྒྱལ་ས་ཝིན་ཏེ་ཧོ་ཁེའི་ཉེ་འགྲམ་གྱི་ཧྥུའུ་ལན་སི་སྒྱུ་རྩལ་གསོ་སྦྱོང་ལྟེ་གནས་སུ་ཀྲུང་གོའི་སྨན་པས་བྱིས་པ་ཚོར་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།