《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月24日

ཐེན་ཅིན་དུ་ལས་རིགས་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་བྱས་པ།

ཟླ་11ཚེས་21ཉིན། 2024ལོའི་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་ཐེན་ཅིན་དུ་འགོ་ཚུགས་ཤིང་། ཚོགས་ཆེན་ལ་ལས་རིགས་སློབ་གསོའི་ཆེད་དོན་འགྲེམས་སྟོན་བཀོད་སྒྲིག་བྱས་པ་དང་། འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་5600ཙམ་ཟིན་ཡོད། འགྲེམས་སྟོན་ལ་རྩལ་ནུས་ལ་བརྟེན་ནས་མི་ཚེ་དོན་དུ་གཉེར། ལག་རྩལ་ལ་བརྟེན་ནས་ཤེས་དཔལ་རྒྱུན་འཛིན། ཞབས་ཞུའི་ཐོན་ལས་རིམ་སྤོར། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས། ཐོན་སློབ་ཕན་ཚུན་མཉམ་འདྲེས་སོགས་འགྲེམས་ཁུལ་7བཀོད་སྒྲིག་བྱས་ནས་ལས་རིགས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

↑ འདི་ནི་ཟླ་11ཚེས་21ཉིན་ལས་རིགས་སློབ་གསོའི་ཆེད་དོན་འགྲེམས་སྟོན་ལ་ཞུགས་མཁན་གྱིས་ཇའི་སྒྱུ་རྩལ་ངོམ་བཞིན་པ།

→ འདི་ནི་ཟླ་11ཚེས་21ཉིན་ལས་རིགས་སློབ་གསོའི་ཆེད་དོན་འགྲེམས་སྟོན་ལ་ཞུགས་མཁན་གྱིས་C919རྟགས་ཅན་གནམ་གྲུའི་ལད་ཟློས་འཕྲུལ་ཆས་ལ་ལྟ་སྐོར་བྱེད་བཞིན་པ།