འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་སུ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་1158.3བྱས་པ་དེ་དུས་མཚུངས་ལས་10.6%འཕར་ཞིང་། དེའི་ནང་རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཏུ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་266.5བྱས་པ་དེ་དུས་མཚུངས་ལས་3.0%འཕར་བ་རེད།
ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་སུ་འགན་གཙང་བླངས་པའི་ལས་གྲྭར་ལས་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་1243.8བྱུང་བ་དེ་དུས་མཚུངས་ལས་2.0%འཕར་བ་དང་། གསར་དུ་གན་རྒྱ་བཞག་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་1776.5ཟིན་པ་དེ་དུས་མཚུངས་ལས་15.3%འཕར་བ་རེད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་ཚེ་ལྷས་ཞུས)